གཙང་གསུམ་ཆུ་འགོ་ནས་རི་སྐོར་རྒྱག་དུས་གསའ་མཐོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19


 

  དབྱར་གཞུང་གི་གཙང་གསུམ་ཆུ་འགོ་རུ“རང་བྱུང་ཁམས་ཆེན་མོ་པར་ལེན་རུ་ཁག”གི་རུ་མི་ཚོས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཞང་དུ་རི་སྐོར་རྒྱག་སྐབས། ངལ་གསོ་བཞིན་པའི་གསའ་ཞིག་མཐོང་བ་དང་དུས་ཐོག་ཏུ་པར་བརྒྱབ་པ་རེད། “དེང་སྐབས་མཚམས་རེ་གཟའ་འཁོར་རེར་གསའ་ཐེངས་གསུམ་བཞི་ཙམ་མཐོང་རྒྱུ་འདུག” ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་མཚོ་བོད་ས་མཐོའི་སྲོག་ཆགས་རིགས་ཀྱི་གྲས་ཤིག་ཡིན་པའི་གསའ་ཡང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་རྒྱུན་དུ་མཐོང་རྒྱུ་ཡོད།  

  

  


  


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1