རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་སྐྱོང་།། ཐུན་མོང་ཕྱུག་འབྱོར་གྱི་སྒུལ་ཤུགས་སློང་།།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-19




བྲག་མགོ་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་པའི་ལག་ལེན་བྱ་སྤྱོད་སྤེལ། 

རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་སྐྱོང་།། ཐུན་མོང་ཕྱུག་འབྱོར་གྱི་སྒུལ་ཤུགས་སློང་།། 

རྫོང་དེའི་མགོ་ཁྲིད་དང་མཐུན་འབྲེལ་ཁྱིམ་ཚང་གི་འཐུས་མིས་ཐུན་མོང་ཕྱུག་འབྱོར་གྱི་མིང་བཀོད་སར་མིང་རྟགས་འགོད་བཞིན་པའི་ཚུལ། 


སྤྱི་ཟླ7པའི་ཚེ8ཉིན་བྲག་མགོ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཀྱི་འགོ་ཚུགས་ཚོགས་ཆེན་འཚོགས། 

བྲག་མགོ་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཁྲོད་དུ། རྫོང་གིས་མཛུབ་ཁྲིད་དང་ཡུལ་ཤོག་གིས་ལག་བསྟར་བྱེད་པའི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས1+2+Nཡི་མཐུན་འབྲེལ་རྣམ་པ་སྤྱད་དེ་ཐག་ཉེ་སར་གཅིག་གྱུར་བཀོད་སྒྲིག་བྱེད་པའི་རྩ་དོན་ལྟར། ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་གཙོ་བོར་བྱས་ནས། རྫོང་ཡོངས་ཀྱི་གཞུང་ལས་མི་སྣ3094ཡིས་དུད་ཚང9847ལ་འབྲེལ་བ་བྱེད་པའི་ཁྱིམ་ཚང་གི་རྒྱུན་རྣམ་ལམ་སྲོལ་ཞིག་བཙུགས་ཡོད། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱལ་གཅེས་ཁྱིམ་གཅེས་ཀྱི་ཁྱིམ་ཚང་གི་བརྩེ་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་དང་།ཡར་བརྩོན་དགེ་སྒྲུབ་ཀྱི་ཁྱིམ་ཚང་སྤྱོད་བཟང་སྐྱེད་སྲིང་།ཐུན་མོང་ཕྱུག་འབྱོར་གྱི་ནང་གནས་སྒུལ་ཤུགས་འཕེལ་བ།འབྲེལ་འདྲིས་གསུམ་གྱི་མཐུན་སྒྲིལ་གནས་བབ་བསྐུལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་སྐྲུན་ཆེད་བྱས་རྗེས་གཞག་རྒྱུ་རེད། 

རྫོང་དེས་ཆ་སྒྲིག་མཐུན་འབྲེལ་ཐད་ལྷག་བསམ་རྣམ་དག་དང་བདེན་པ་བདེན་ཐུབ། གཞན་སེམས་བློ་དཀར། བརྩེ་སེམས་ཟོལ་མེད་བཅངས་པ་བཅས་བྱས་ནས་མཐུན་འབྲེལ་ཁྱིམ་ཚང་ལ་བསམ་བློ་གཏོང་བ། ཤུགས་ཡོད་རྒུས་ཁྱིམ་ཚང་གི་དཀའ་ངལ་སེལ་རོགས་དང་། ལག་ལེན་བྱ་སྤྱོད་སྤེལ་བ་བརྒྱུད་རེ་བ་གསར་པ་འདོན་པ་དང་།འབྲེལ་གཏུག་བྱེད་པ།མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད། མི་རིགས་མཐུན་སྒྲིལ་གྱིས་ཁྱིམ་ཚང་གི་ལག་ལེན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་བཞི་ལ་དམིགས་ཏེ།སློབ་གསོ་དང་ཁྲིད་སྟོན་ཐད་ཐབས་ཤེས་སྤྱོད་པ་དང་།བྱེད་ཐབས་འཚོལ་བ།དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕན་འབྲས་བརྩོན་གཉེར་བྱེད་པ།ཕྲ་ས་ནས་བློ་གྲོས་འདོན་པ།ཆུང་ས་ནས་གནས་ལུགས་རྟོགས་པ་བཅས་བྱས་ཏེ་མང་ཚོགས་ལ་སློབ་གསོ་ཐེབས་སུ་འཇུག་པ་དང་། གནད་དོན་ཐག་གཅོད་བྱེད་པའི་ཐད་ལྷག་བསམ་ཟོལ་མེད་ཀྱིས་མཐུན་འབྲེལ་ཁྱིམ་ཚང་གི་དཀའ་ངལ་དང་རེ་སྒུག་ལ་དམིགས་ནས་གནད་དོན་ཐག་གཅོད་བྱས་ཏེ་སེམས་ནུས་ཡོད་རྒུ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་བྱས་རྗེས་འཇོག་མཁན་གྱི་ལས་བྱེད་པ་ཞིག་བྱ་རྒྱུ། འབྲེལ་འདྲིས་གསུམ་ཅན་ལ་ལྷག་བསམ་ཟོལ་མེད་དང་། མི་རིགས་བར་གྱི་གཅིག་མཐུན་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། ཁྱད་པར་དུ་བརྩི་འཇོག་དང་སྣ་མང་ལ་ཁོང་ཡངས་བྱེད་པའི་རྩ་དོན་ཁོང་དུ་ཆུད་པར་བྱས་ནས། དུས་རྒྱུན་འགྲོ་འོང་དང་། སྤེལ་རེས། འབྲེལ་གཏུག་མང་ཙམ་བྱས་ནས་སྙིང་གཏམ་ཤོད་རེས་དང་བསམ་བློ་བརྗེ་རེས་བྱས་ནས་མཐུན་འབྲེལ་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་ཡོང་བར་བསྐུལ་ནས་ངའི་སེམས་སུ་ཁྱོད་ཡོད་པ་དང་ཁྱོད་ཀྱི་སེམས་སུ་ང་ཡོད་པའི་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་གྲུབ་ཆ་ཞིག་ཆགས་པ་བྱས་ཐོག་སྤུན་ཟླའི་མཛའ་གྲོགས་དང་ཕན་ཚུན་རོགས་རེས་བཅས་བྱེད་པའི་མཛའ་མཐུན་གྱི་འབྲེལ་བ་བཙུགས་ཏེ་འཆམ་མཐུན་མཉམ་གནས་དང་།ཕར་བ་གྲུ་འདེགས།འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གནས་བབ་བཟང་པོ་ཞིག་ཆགས་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1