༄༅།། ཚེ་དབང་རྣམ་རྒྱལ་གྱི་ཡིག་གཟུགས་བདམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-19


 


▲ བྲིས་པ་ཚེ་དབང་རྣམ་རྒྱལ་ལགས། 

        ཚེ་དབང་རྣམ་རྒྱལ་ནི་སྤྱི་ལོ་1992ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར། ཁྱུང་པོ་སྟེང་ཆེན་རྫོང་། ཁྲི་རྡོ་གྲོང་རྡལ་ཟམ་ཞིག་གྲོང་གི་ཆུང་རྒྱུད་ཚང་དུ་སྐྱེས་ཤིང་། ལོ་ངོ་དྲུག་གི་དུས་ནས་བཟུང་ཁོང་གི་ཡབ་ཞང་བོད་ཡིག་གཟུགས་ཀྱི་རྒྱུད་འཛིན་པ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རིམ་གྱིས་མི་ལོ་བཅུ་ཕྲག་ལྷག་ལ་ཡིག་གཟུགས་ལ་ཆེད་སྦྱོང་བྱས་ཤིང་། ཆུང་དུས་ནས་ད་བར་དུས་ཚོད་མང་པོ་བཀོལ་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོངས་བྱས་ལ། མི་གཞན་གྱི་རེ་འདུན་ལྟར་སྔོན་བྱོན་དམ་པའི་གསུང་རབ་པོ་ཏི་ཆེན་པོ་གྲངས་ཉི་ཤུ་ལས་བརྒལ་བ་བྲིས།

        ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་སྟེང་ཨང་དང་པོའི་བྱ་དགའ་དང་། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་ནས་ཨང་གཉིས་པའི་བྱ་དགའ། བོད་རང་སྐྱོང་ལྗོངས་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། 2021ལོར་ཀྲུང་གོའི་རྒྱལ་ཡོངས་ཡིག་བྲིས་འགྲན་བསྡུར་ཆེན་མོའི་སྐབས་སུ་ཟངས་ཀྱི་རྟགས་མའི་བྱ་དགའ་དང་། ཀྲུང་གོའི་ཡིག་གཟུགས་སྒྱུ་རྩལ་དར་སྤེལ་ཐད་བྱས་རྗེས་གཟེངས་སུ་ཐོན་པའི་མཚན་སྙན་སོགས་གཞུང་སྒེར་གཉིས་ཀྱིས་གཟེངས་རྟགས་དང་དགའ་བསུ་ཐོབ་མྱོང་།

        ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་ཡིག་བྲིས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི། བོན་གྱི་བཀའ་འགྱུར་གསེར་བྲིས་མའི་དགེ་རྒན་ཆེན་མོ། བོད་ལྗོངས་སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བཅས་ཀྱི་ཕྱག་ལས་གནང་བཞིན་པའོ། ། 

  

  

  

  

  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1