ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-20


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས། མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་འོད་སྟོང་འཕྲོ་བའི་སོ་ནམ་ཤེས་དཔལ་བཏོད་ཡོད་པས་སོ་ནམ་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་ཐུན་མོང་གི་འགན་འཁྲི་ཞིག་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་གྱི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་བཙལ་འཚོལ་བྱེད་ཀྱིན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཀྱིན་རྒྱུན་འཛིན་མཐའ་འཁྱོངས་བྱས་ཏེ་སོ་ནམ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལག་ལེན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སོ་ནམ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་སྟེ་དེའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས། ཚན་རྩལ་སོགས་ཐད་ཀྱི་རིན་ཐང་སྔར་བས་སྔོག་འདོན་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་རོགས་རམ་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        དེ་ཉིན་གོ་ལ་ཧྲིལ་པོའི་སོ་ནམ་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཚོཌ་ཆེན་ཀྲེ་ཅང་ཞིང་ཆེན་ཆིང་ཐེན་རྫོང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“ཐུན་མོང་གི་སོ་ནམ་ཤུལ་བཞག་སྲུང་སྐྱོབ་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། ཞིང་ལས་གྲོང་གསེབ་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1