ཡུལ་ཤུལ་དུ་རྟེན་མཛོད་ཁང་མང་པོ་བསྐྲུན་འགོ་ཚུགས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


 

     ཟླ་7ཚེས་17ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྟེན་རྫས་བཤམས་མཛོད་ཁང་གྲོང་རྡལ་ཆུང་ངུ་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཡུལ་ཤུལ་ཁུལ་རྟེན་རྫས་བཤམས་མཛོད་ཁང་དུ་འཚོགས་ཤིང་། ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་གིས་ཡུལ་ཤུལ་ཁུལ་རྟེན་རྫས་བཤམས་མཛོད་ཁང་གྲོང་རྡལ་ཆུང་ངུ་སྐྲུན་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཚོགས་འདུའི་ཐོག་ཡུལ་ཤུལ་ཁུལ་གྱིས་རྟེན་རྫས་བཤམས་མཛོད་ཁང་དང་། རིག་གནས་ཞིབ་འཇུག རིག་གནས་དང་ཡུལ་སྐོར་མཉམ་འདྲེས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དག་བློ་འདྲི་སར་གདན་ཞུས་པ་དང་ཆབས་ཅིག ཡུལ་ཤུལ་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། ཡུལ་ཤུལ་དམག་རྟའི་རྟེན་རྫས་བཤམས་མཛོད་ཁང་། ཡུལ་ཤུལ་གེགས་རྗེས་བསྐྱར་སྐྲུན་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་སོགས་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་12ལ་ལག་ཁྱེར་སྤྲད་པ་རེད། གཞན་ཡང་ཡུལ་ཤུལ་གྱི་ཉར་ཚགས་དངོས་པོ་20ཚོགས་འདུའི་ཐོག་འགྲེམས་སྟོན་བྱས།  

  

 


 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1