ཞིང་ཁའི་ཏང་གི་སློབ་ཁྲིད་ལ། མང་ཚོགས་རང་མོས་ནང་དུ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-25


  

        “གུང་ཁྲན་ཏང་བཀའ་དྲིན་ཆེ། ང་ཚོ་ས་མཐོར་གནས་པའི་ལུང་ཤུར་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བཏང་སོང་། ད་ཆ་སྔོ་ཚལ་རྟེན་གཞི་ཡང་ཡོད་པ་དང་། ང་ཚོ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པས་ཡོང་འབབ་བརྟན་པོ་བྱུང་བར་མ་ཟད། ད་དུང་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ” ཞེས་སྤྱི་ཟླ་6པའི་ཚེས་29ཉིན་ངལ་གསོའི་བར་གསེང་དུ་ལི་ཐང་རྫོང་མོ་ལ་གྲོང་རྡལ་གནས་གསར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ཝུའུ་ལེན་ཡེ་ཚོགས་པ་སྤྱི་གཉེར་ཁང་གི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་ཏའེ་ཡུང་གིས་སྔོ་ཚལ་རྟེན་གཞིའི་ཞིང་ཁར་ཏང་གི་སློབ་ཚན་མཉམ་སྤྱོད་བྱེད་བཞིན་ཡོད་པས་ལས་མི་དང་མང་ཚོགས་ཀྱི་ཡིད་དབང་བཀུག་འདུག ། 

        ཉིན་ཤས་རིང་། གནས་གསར་གྲོང་ཚོའི་སྔོ་ཚལ་རྟེན་གཞིའི་ལས་ལ་བྲེལ་བའི་རྣམ་པས་ཁེངས་ཤིང་། ཞིང་རྨོ་བ་དང་འགྱིག་ཤོག་བསྐོན་པ། ཚལ་འདེབས་པ། ཡུར་མ་ཡུར་བ་སོགས་གྲོང་ཚོའི་ཏང་ཡོན་བྲེལ་བ་ཆེ་བས། ད་རེས་ཀྱི་ཏང་གི་སློབ་ཁྲིད་བྱེད་མཁན་ཏའེ་ཡུང་གིས་མང་ཚོགས་བསྟུན་པའི་ཆེད་དུ། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ངག་དབང་ཕུན་ཚོགས་དང་སྒྲིག་བཤེར་ཨུ་ཡོན་པུའུ་སྤོ་མི་སོགས་ཀྲི་པུའི་ཨུ་ཡོན་དང་གྲོས་བསྡུར་བྱས་ནས། ཉིན་གུང་གི་ངལ་གསོའི་དུས་ཚོད་སྤྱད་དེ་རྟེན་གཞིའི་ཞིང་ཁར་ཏང་གི་སློབ་ཚན་ཁྲིད་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཞིང་ནང་དུ་ཉིན་གུང་ངལ་གསོ་བའི་མང་ཚོགས་བཅུ་ལྷག་ཡང་སློབ་ཁྲིད་ལ་ཉན་པར་སླེབས། 

  

        བསམ་འདུན་ཞེས་པའི་བརྗོད་བྱ་གཙོ་བོའི་ཏང་གི་སློབ་ཚན་ཡག་པོ་ཁྲིད་ཆེད། ཏའེ་ཡུང་གིས་ཉེ་འགྲམ་གྱི་མིའི་ཁྲོད་ནས་གཏམ་རྒྱུད་གླེང་བ་ནས་འགོ་ཚུགས། དང་པོ་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ངག་གྲུབ་ཡིན་ཞིང་། དེ་སྔོན་ཁྱིམ་ཚང་དབུལ་བས་ལྟོ་གོས་ཡག་པོ་མེད་པ་དང་ཐ་ན་ཁྲོམ་ལ་འགྲོ་དུས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ། རི་དང་ལུང་པ་བརྒལ་ནས་གངས་རླུང་གིས་གྲང་ངར་ལ་མ་འཛེམས་པར་ལེ་དབར་བརྒྱ་ཡི་དཀའ་ངལ་ཁྱད་བསད་བྱེད་དགོས། ད་ཆ་ཆུ་དང་གློག །ལམ་ཤར་གཏོང་ཐུབ་པ་དང་། དུས་ད་ལྟ་ལྟོ་གོས་འཛོམས་པར་མ་ཟད། འགྲིམ་འགྲུལ་ཡང་སྟབས་བདེ་རུ་ཕྱིན་ཡོད། སྐབས་དེ་དུས་ཁོང་གི་བསམ་འདུན་འབའ་ཞིག་ཡོད་པ་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་ཏང་གི་བཀའ་དྲིན་ལ་དྲིན་ལན་འཇལ་བ་དང་། རང་ཉིད་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བའི་ཁྱིམ་གཞིས་གཏོད་པ་རེད། གཏམ་རྒྱུད་གཞན་ཞིག་ནི་ཝུའུ་ལེན་ཡེ་ཚོགས་པ་སྤྱི་གཉེར་ཁང་གི་གྲོང་ཚོར་བཅའ་སྡོད་བྱེད་མཁན་པ་སངས་ཚེ་རིང་མངགས་གཏོང་བྱས། ཁོང་ལ་ད་དུང་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད་དེ་། ཁོང་ཡང་མོ་ལ་ནས་ཡིན་པ་དང་ཆུང་དུས་ནས་རྩམ་པ་ཟ་བ་དང་ཇ་བསྲུབས་མ་འཐུང་བཞིན་འཚར་ལོངས་བྱུང་བ་ཞིག་རེད། ཁོང་གིས་རྩ་འཛུགས་བྱས་ནས་བཀོད་སྒྲིག་དང་ལེན་བྱས་ཏེ། ཕ་ཡུལ་དུ་ལོག་ནས་གྲོང་ཚོར་བཅའ་སྡོད་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་འབད་པ་བྱས། ཁོང་གིས་ཐེ་ཚོམ་དང་སྒྱིད་ལུག་སྤུ་ཙམ་ཡང་མེད་པར་བསམ་འདུན་འབའ་ཞིག་ཡོད་པ་ནི་སེམས་ནུས་ཡོད་ཚད་ཕ་ཡུལ་གྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་མི་དམངས་ཐུན་མོང་ཐོག་ཕྱུག་པོ་ཡོང་བར་འབད་པ་བྱ་རྒྱུ་དེ་ཡིན།

        འགྲོ་དུས་རྐང་ཐང་དང་འཐུང་ཆུ་ཐག་རིང་ནས་ལེན་པའི་དབུལ་ཕོངས་ཀྱི་འཚོ་བ་དེ་གཏན་འཇགས་ཀྱི་ཡོང་འབབ་དང་ཐོན་ལས་ཀྱི་འདེགས་སྐྱོར་ཡོད་ལ། བདེ་འཇགས་ཀྱི་ཆུ་དང་སྟབས་བདེའི་འགྲིམ་འགྲུལ་སོགས་ཚང་མ་བརྒྱུད་མྱོང་བས་གྲ་སྒྲིག་ཏང་ཡོན་གྲོང་ཚོའི་རྩིས་པ་གཡུ་སྒྲོན་གྱིས་ཏང་ལ་ཞུགས་རྒྱུའི་འདུན་པ་སྔར་བས་བརྟན་པོར་གྱུར་ཅིང་།མོས་དེ་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་ནས་མཚོན་ཡོད། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་གྲངས་ཉུང་མི་རིགས་གཅིག་ཀྱང་མེད་མི་རུང་ལ་གཅིག་ཀྱང་རྗེས་ལུས་ཐེབས་མི་རུང་ཞེས་བཤད་པ་རེད། ཁོང་གཉིས་ཀྱིས་ཀྱང་ཏང་ལ་ཡིད་སྨོན་གུས་བཀུར་བྱེད་པ་དང་། ཏང་ལ་དད་སེམས་བརྟན་པོ་འཆང་བ། ཏང་ལ་བློ་དཀར་སེམས་དཀར་ཡིན་པ་མཐོང་བྱུང་། “ཏང་གི་གསོ་སྐྱོང་འོག་ངས་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་བཤད།

        2019ལོར་གྲོང་ཚོ་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་དང་2021ལོར་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོར་བདམས་པ་རེད། གནས་གསར་གྲོང་ཚོར་འགྱུར་ལྡོག་འགྲོ་ཚུལ་མང་ཚོགས་ཀྱིས་མཐོང་བ་དང་སེམས་ལ་བཅངས་ཡོད། སྔོ་ཚལ་ཁག་དང་པོ་ཁྲོམ་རར་བཏོན་པ་དང་ཞིང་ནང་གི་སྔོ་ཚལ་ཡང་སྐྱེ་སྟོབས་ལེགས་པོ་ཡོད། སྔོ་ཚལ་རྟེན་གཞིར་ཟླ་རེར་སྒོར་བཞི་སྟོང་ཡོད་པར་མ་ཟད། ད་དུང་ཉིན་གསུམ་ངལ་གསོ་རྒྱག་ཆོག་གི་ཡོད། དེ་དག་ཚང་མ་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འབད་བརྩོན་དང་ཁ་གཏད་རོགས་སྐྱོར་འོག་ང་ཚོར་བྱུང་བའི་ཕན་པ་དངོས་རེད་ཅེས་བཤད། ད་ཆ་རྟེན་གཞི་དེར་དྲོད་ཁང་ཆེན་མོ་ཉེར་ལྔ་བསྐྲུན་པ་དང་། ས་ཞིང་མུའུ་བཞི་བརྒྱ་དྲུག་ཅུ་འཁོར་རྒྱུག་བྱས་ཡོད་ལ། ཐོན་རྫས་རིན་ཐང་སྒོར་ཁྲི་སུམ་བརྒྱ་བརྒྱད་ཅུ་ཟིན་པ་དང་།ས་ཞིང་འཁོར་རྒྱུག་དང་སྒྲིག་བཀོད་དྲོད་ཁང་ཆེན་མོ་བོགས་མར་ལེན་པ་བཅས་བྱས་ནས་གནས་གསར་གྲོང་ཚོ་དང་ཆུ་དཀར་གྲོང་ཚོར་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་སུམ་ཅུ་ལྷག་ཙམ་བྱུང་ནས་གྲོང་མི་ཚོ་ཐག་ཉེ་སར་ལས་ཀ་གཉེར་ནས་ཡོང་འབབ་ཇེ་མང་དུ་འགྲོ་བའི་དགོས་མཁོ་བསྐངས་ཡོད། ཏང་གི་སློབ་ཚན་ཉན་རྗེས་ལས་ཀ་བྱེད་མཁན་མང་ཚོགས་ཚོས་ཏང་ཡོན་ཚོ་དང་མཉམ་དུ་ཏང་གི་དར་ཆ་མཉམ་དུ་བཟུང་ནས་མཉམ་པར་བརྒྱབ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1