ཞི་ཅིན་ཕིང་གིས་འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-25


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས། གཞོན་ནུས་རེ་བ་མཚོན། གཞོན་ནུས་འབྱུང་འགྱུར་གཏོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གཞོན་ནུ་རྣམས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་སྐྱེ་སྟོབས་ལྡན་པའི་སྟོབས་ཤུགས་ཤིག་ལ་བརྩིས་ཏེ། གཞོན་ནུ་ཚོར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ལག་ལེན་ནང་ཞུགས་ནས་ལང་ཚོའི་གསོན་ཤུགས་མངོན་པར་བྱ་རྒྱུའི་སྐུལ་ལྕག་གཏོང་གི་ཡོད། འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་དེ་ཉིད་འཛམ་གླིང་གི་གཞོན་ནུ་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། གོ་ལ་ཧྲིལ་པོས་གཞོན་ནུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཏེ། འཛམ་གླིང་གི་མི་དམངས་མཐུན་སྒྲིལ་ཡོང་ཆེད་གཞོན་ནུའི་འབོད་སྒྲ་བསྒྲག་རྒྱུ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་དང་ཡར་ཐོན་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

        ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོར་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་རོགས་འདེགས་བྱས་ནས། འཛམ་གླིང་གཞོན་ནུའི་མཐུན་སྒྲིལ་མཉམ་ལས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་པའི་ནན་བཤད་གནང་ཡོད།

        ཚེས་21ཉིན་འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“གཞོན་ནུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་། ང་ཚོ་ཚང་མའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་ཡིན་པ། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1