ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་གླེང་སྟེགས་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-27



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་གླེང་སྟེགས་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱེད་མཁན་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། བུ་སྤུན་ཡག་པོ་བཅས་ཡིན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བའི་ཁར། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་མཆེད་དེ། བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་ཡང་ཡང་འཕྲད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་དང་ཟོལ་མེད་ཀྱི་བརྩེ་སེམས་དང་ལྷག་བསམ་རྣམ་དག་གི་འདུ་ཤེས་བཟུང་སྟེ་ཨ་ཧྥེ་རི་ཁ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། ཨ་ཧྥེ་རི་ཁའི་གྲོགས་པོ་ཚོ་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་གཏོད་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        ཚེས་25ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་བདེ་འཇགས་གླེང་སྟེགས་སྐབས་གཉིས་པ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་དང་། བརྗོད་དོན་གཙོ་བོ་ནི“མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་བདེ་འཇགས་ཡོང་བ་བྱེད་དགོས”ཞེས་པ་དེ་ཡིན་པ་དང་རྒྱལ་སྲུང་པུས་གཙོ་གཉེར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1