༄༅།། ཚ་བ་ཆེ་དུས་ཀྱི་བཟའ་བཏུང་སྤྱོད་པའི་རྩ་དོན་བཞི།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 07-28



         ཚ་བ་ཆེ་དུས། མི་ཚང་མར་ཚ་ངད་ཀྱིས་གདུངས་པ་དང་སེམས་འཚབ་ཅིང་སུན་སྣང་སྐྱེ་བའི་ཚོར་བ་ཞིག་ཡོད་པར་མ་ཟད། ད་དུང་ཡི་ག་མེད་ཅིང་ཟས་འཇུ་མི་ལེགས་པའི་གནས་ཚུལ་ཡང་འབྱུང་བ་ཡིན། དེ་ན། ཚ་བ་ཆེ་དུས་ཀྱི་བཟའ་བཏུང་གི་གནད་དོན་འདི་འདྲ་ཐག་གཅོད་ཇི་ལྟར་བྱེད་དམ་ཞེ་ན།

 གཅིག ཟ་མའི་ཞག་ཚིའི་འདུས་ཚད་འོས་འཚམ་བྱེད་པ།

         སྤྲི་དཀར་རྫས་ཀྱི་རྙིང་ཚབ་གསར་བྱེད་ཚད་ཇེ་མགྱོགས་ལ་ཕྱིན་པར་གཞིགས་ཏེ་ཤ་སྣག་དང་སྒོ་ངའི་རིགས། འོ་མའི་རིགས་ཀྱི་བསྡུ་ལེན་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། ཉིན་རེ་ལ་སྒོ་ང་གཅིག་དང་འོ་མ་ཕོར་བ་གང་རེ་སྤྱོད་པའི་ཚད་ཁག་ཐེག་བྱ་དགོས། ཟ་མ་གཡོས་སྦྱོར་བྱེད་དུས། སྣུམ་ཞག་ཉུང་བ་དང་སྐྱུར་ཁུ་མང་བར་བྱེད་པའི་ཞོར་དུ། ཙོང་དང་སུར་པན་སོགས་ཀྱི་བྲོ་སྐྱེད་སྔོ་ཚལ་ཡང་འོས་འཚམ་ངང་སྤྱད་དེ་ཡི་ག་ཇེ་ཆེར་བཏང་ཆོག

         ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལ་ཟ་མ་ཟ་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། གལ་ཏེ་ཡི་ག་མེད་ན། ཟ་མའི་ཚད་ཇེ་ཉུང་དང་ཟ་ཐེངས་ཇེ་མང་དུ་གཏོང་བ་དང་། ཟས་ཐུན་གྱི་བར་དུ་ཞོ་འཐུངས་པ་དང་སིལ་ཏོག་རིགས་ཟོས་ཀྱང་ཆོག

 གཉིས། གཏེར་རྒྱུ་དང་འཚོ་བཅུད་རིགས་ཁ་གསབ་བྱེད་པ།

         ལུས་ནས་རྔུལ་ཆུ་མང་པོ་བཞུར་དུས། གཏེར་རྒྱུ་དང་འཚོ་བཅུད་རིགས་ཀྱི་ཁ་གསབ་ལ་མཉམ་འཇོག་བྱ་དགོས། རྔུལ་ཆུ་བཞུར་བ་མང་དུས། ཚྭ་རིགས་ཀྱི་བསྡུ་ལེན་བྱེད་ཚད་ཇེ་མང་དུ་བཏང་ཆོག་པ་སྟེ། ཉིན་རེ་ལ་ཚྭའི་བསྡུ་ལེན་བྱེད་ཚད་ཁེ6ལས་ཉུང་བ་ནས་ཁེ15ལས་ཉུང་བ་ལ་བཏང་ཆོག རྔུལ་ཆུའི་བཞུར་ཚད་ཧའོ་ཧྲེང3000ལས་བརྒལ་དུས། ཚྭའི་བསྡུ་ལེན་བྱེད་ཚད་ཁེ15ནས20ཡི་བར་དུ་ཚོད་འཛིན་བྱས་ཆོག

         ལྕགས་དང་ཏི་ཚའི་རྒྱུ་འདུས་པའི་མཆིན་པ་དང་ཤ་སྣག་རིགས་ཀྱི་ཟ་ཚད་འོས་འཚམ་ངང་ཇེ་མང་དུ་གཏོང་བའི་ཞོར་དུ། གཏེར་རྒྱུ་དང་འཚོ་བཅུདC Bརིགས་འཚོ་བཅུད་བཅས་ཀྱང་ཁ་གསབ་བྱ་དགོས།

 གསུམ། དུས་ཐོག་ཏུ་ཆུ་འཐུང་བ།

         ལུས་ནས་རྔུལ་ཆུ་མང་པོ་བཞུར་རྗེས། དུས་ཐོག་ཏུ་ཆུ་འཐུང་དགོས་ནའང་། ཀ་ར་འདུས་པའི་བཏུང་བ་དང་འཁྱགས་ཞོ་སོགས་མང་དུ་འཐུང་མི་རུང་། ཆུ་ཁོལ་འཁྱགས་པ་དང་ཇ་ལྗང་། ཀ་ར་ཉུང་བའམ་ཡང་ན་ཀ་ར་མེད་པའི་མེ་ཏོག་ཇ་སོགས་འཐུང་ཆོག

         ཚ་བ་ཆེ་བའི་ཁོར་ཡུག་ཏུ་ངལ་རྩོལ་བྱེད་མཁན་གྱིས་ཚྭའི་འདུས་ཚད0.1%ནས0.2%ཙམ་ཡོད་པའི་ཆུ་དང་ཇ་འཐུང་ཆོག་ཀྱང་། ཚད་ཉུང་ཞིང་ཐེངས་མང་དུ་འཐུངས་ན་བཟང་། བཏུང་བ་ཚ་དྲགས་ན་ལུས་ནས་རྔུལ་ཆུ་བཞུར་བ་ཇེ་མང་དུ་འགྲོ་བ་དང་། འཁྱགས་དྲགས་ན་ཁོག་པ་ན་བ་དང་བཤལ་བའི་ནད་རྟགས་འབྱུང་སྟབས། བཏུང་བའི་དྲོད་ཚད་ཏུའུ10℃ལས་མཐོ་ན་ལེགས་པ་ཡིན།

 བཞི། ཟས་རིགས་ཀྱི་བདེ་འཇགས་ལ་མཉམ་འཇོག་བྱེད་པ།

         ངོ་བོ་འགྱུར་བའི་ཟས་རིགས་མི་ཉོ་བ་དང་། ཟ་མའི་རྒྱུ་ཆ་ཉོས་རྗེས་འཕྲལ་མར་སྤྱད་ནས་ཚར་དུ་འཇུག་དགོས། སིལ་ཏོག་སོགས་ཟ་དུས། གཙང་མར་བཀྲུ་དགོས་པ་དང་། གྲང་ཚལ་གྱི་ནང་དུ་སྒོག་འདུར་དང་སྐྱུར་ཁུ་སོགས་བྲོ་སྐྱེད་དངོས་པོ་བསྣན་དགོས།

 ཟ་མའི་ཚོས་རློན་དབྱེ་ནས་འཇོག་པ་དང་། ཤ་དང་སྒོ་ངའི་རིགས། སྔོ་ཚལ་ཁ་ཤས་བཅས་བཙོས་ནས་ཚོས་སུ་འཇུག་དགོས། དེ་འདྲ་མ་བྱས་ན། ནད་གདོད་སྐྱེ་དངོས་ཕྲ་རབ་ཁོག་ལ་འཛུལ་ནས་ཟས་དུག་ཕོག་སྲིད་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1