༄༅།། བསྲེགས་ཟས་ཟ་སྐབས་རང་ཉིད་ཀྱི་བདེ་ཐང་ཡང་བརྗེད་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-02



        དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས།མི་རྣམས་ཕྱི་རོལ་དུ་སོང་ནས་བསྲེགས་ཟས་བཟའ་རྒྱུར་ཧ་ཅང་དགའ།འདི་ནས་ཁྱེད་ལ་དྲན་སྐུལ་ཞིག་བྱེད་རྒྱུ་ནི།

        ཚ་གདུག་ཆེ་བའི་གནམ་གཤིས་འོག གལ་ཏེ་བསྲེག་བྱའི་ཟས་རིགས་དེ་གསར་པ་མིན་པ་དང་གཙང་མ་མིན་ན།ནད་འབུ་མང་པོ་བྱུང་སྟེ།ནད་འབུ་རང་བཞིན་གྱི་ཟས་དུག་ཕོག་པའི་ཉེན་ཁ་ཧ་ཅང་ཆེ།དེའི་ནད་རྟགས་གཙོ་བོ་ནི།ཟ་མ་ཟོས་རྗེས་ཀྱི་དུས་ཡུན་ཐུང་ངུའི་ནང་སྐྱུགས་མེར་ལངས་པ་དང་གསུས་ཁོག་ན་བ།ཁོག་པ་བཤལ་བ་སོགས་ཀྱི་གནས་ཚུལ་འབྱུང་བ་དང་།དེ་དང་བསྡོངས་ནས་ད་རུང་ཚ་རྒྱས་པ་དང་ལུས་པོ་ཡོངས་རྫོགས་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་ཞིང་།ཆེས་མགྱོགས་པའི་སྐབས་སུ་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་འབྱུང་ལ།སྤྱིར་བཏང་དུ་ཟ་མ་ཟོས་རྗེས་ཀྱི་དུས་ཚོད1དང3གྱི་ནང་འབྱུང་བ་རེད།

        ཚང་མར་དྲན་སྐུལ་བྱེད་རྒྱུ་ཞིག་ནི།མི་བདེ་བའི་ཚོར་སྣང་དེ་དག་བྱུང་རྗེས།མྱུར་དུ་ཟ་མ་དེ་དག་ཟ་མཚམས་འཇོག་པ་དང་།ཟ་མའི་སྟེང་གི་མཚོན་རྟགས་སོགས་ཉར་ཚགས་དང་རྫས་བརྟག་ཞིབ་བཤེར་བྱས་ཏེ།ནད་འབུའི་ཁུངས་འདེད་དགོས།དུས་ཚོད1དང2ཀྱི་ནང་སྐྱུགས་མེར་སློང་བའི་སྨན་འཐུང་ཆོག་པ་དང་།གལ་ཏེ་དུས་ཚོད2འདས་ན་བཤལ་སྨན་འཐུང་ནས་ཁོག་པ་བཤལ་དུ་བཅུག་ཆོག འཁྲུ་སྐྱུག་གིས་ལུས་ཆུ་མང་པོ་ཤོར་བ་དང་གློག་འབྱེད་རྫས་འཁྲུགས་ན། ཀ་རའི་ཆུ་དང་ཚྭ་ཆུ་འཐུང་དགོས་པར་མ་ཟད། མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1