དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི4.3ལ་སྣེ་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-04


  

        སྤྱི་ཟླ8པའི་ཚེས2ཉིན། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་བསྡོམས་རྩིས་སུ་ཚུད་པའི་ལྗོངས་ཁུལ28ཀྱིས་ཡུལ་སྐོར་བ43266ལ་སྣེ་ལེན་བྱས་ཤིང་། ལྗོངས་ཁུལ་དུ་ཉིན་གཅིག་ལ་ཡུལ་སྐོར་བའི་སྣེ་ལེན་བྱེད་ཚད་ཨང་དང་པོ་ནི་དར་མདོའི་མི་རྒོད་མཚོ་ཡིན་པ་དང་། གཉིས་པ་དང་གསུམ་པ་ནི་འདབ་པའི་ཉི་སྟེན་དང་ལྕགས་ཟམ་གྱི་ལྕགས་ཟམ་ཟམ་པ་ཡིན་པ་རེད། 

 

    ཉིན་གཅིག་ལ་ཡུལ་སྐོར་བའི་སྣེ་ལེན་བྱེད་ཚད་མི་སྟོང་ལས་བརྒལ་བའི་ལྗོངས་ཁུལ་གཤམ་གསལ།

        དར་མདོའི་མི་རྒོད་མཚོ།(མི7506)འདབ་པའི་ཉི་སྟེན།(མི5865)ལྕགས་ཟམ་གྱི་ལྕགས་ཟམ་ཟམ་པ།(མི5260)རོང་བྲག་གི་བརྒྱ་རྒྱུད་བོད་གྲོང་།(མི4543)དུང་དཀར་ལུང་པའི་འཁྱགས་རོམ་ནགས་ཚལ་སྤྱི་གླིང་།(མི4530)རྟའུ་གསེག་རི་སྤྱི་གླིང་།(མི4339)དཀར་མཛེས་གེ་སར་མཁར་གྲོང་།(མི3701)རྟའུ་མི་ཉག་མགར་ཐར།(མི1143)གསེར་རྟ་དབལ་ཤུལ་སྡེ་བ(མི1072)བཅས་སོ།། 

  

  

  

  

  

  

  

  

  

  

  

  


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
མདོ་ལའི་མཛེས་ལྗོངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1