པཎ་ཆེན་རིན་པོ་ཆེ་མཆོག་བསམ་སྡིངས་དགོན་དུ་ཆིབས་བསྒྱུར་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-04



 རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཉེ་ཆར་བོད་ལྗོངས་ལྷོ་ཁའི་ཡར་འབྲོག་གཡུ་མཚོའི་ངོགས་སུ་ཆགས་པའི་བསམ་སྡིངས་དགོན་དུ་གནས་མཇལ་དང་བཀའ་ཆོས་གནང་བར་ཕེབས་པར་མ་ཟད། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བུད་མེད་སྤྲུལ་སྐུ་གཅིག་པུ་སྟེ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ལ་འཚམ་འདྲི་གནང་།

 བསམ་སྡིངས་དགོན་ནི་སྣ་དཀར་རྩེ་རྫོང་གི་ཡར་འབྲོག་གཡུ་མཚོའི་ལྷོ་ནུབ་ཏུ་ཆགས་ཤིང་། ད་བར་ལོ་ངོ580ལྷག་གི་ལོ་རྒྱུས་ལྡན། དགོན་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་བོ་དོང་ལུགས་སུ་གཏོགས་པ་དང་། 1942ལོར་འཁྲུངས་པའི་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དགུང་ལོ5ལ་སླེབས་སྐབས་བསམ་སྡིངས་སྐུ་ཕྲེང་བཅུ་གཉིས་པར་ངོས་འཛིན་བྱས། 

 

ཟླ7པའི་ཚེས29ཉིན། བསམ་སྡིངས་དགོན་གྱི་དགེ་འདུན་པ་ཚོས་སེར་སྦྲེང་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུ་བཞིན་པ། 

 

ཟླ7པའི་ཚེས29ཉིན། དགུང་ལོ་བརྒྱད་ཅུར་ཕེབས་པའི་རྡོ་རྗེ་ཕག་མོ་རིན་པོ་ཆེ་དང་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་བསྒྲིགས་ཏེ་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས།

 

ཟླ7པའི་ཚེས29ཉིན། པཎ་ཆེན་རིན་པོ་ཆེ་བསམ་སྡིངས་དགོན་དུ་ཕེབས་པ་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་གྱིས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུ་བཞིན་པ།

 པཎ་ཆེན་རིན་པོ་ཆེ་མཆོག་གིས་རྡོ་རྗེ་ཕག་མོ་རིན་པོ་ཆེ་དང་ཕན་ཚུན་འཚམས་འདྲི་གནང་རྗེས་སུ་བསམ་སྡིངས་དགོན་པའི་བྱང་ཆུབ་ལྷ་ཁང་དང་། གསང་སྔགས་ཕོ་བྲང་། བྱམས་ཁང་། དགོན་པའི་བཤད་གྲྭ་སོགས་སུ་མཆོད་མཇལ་གནང་བ་དང་། འདུས་ཆེན་ཆོས་ཀྱི་སྒྲོན་མེ་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲིར་བཞུགས་ཏེ་རྡོ་རྗེ་ཕག་མོ་རིན་པོ་ཆེ་དང་དགེ་འདུན་པ་ཚོར་བཀའ་ཆོས་གནང་བར་མ་ཟད་ཕྱག་དབང་གནང་།

 

ཟླ7པའི་ཚེས29ཉིན། པཎ་ཆེན་རིན་པོ་ཆེས་བོད་ལྗོངས་ལྷོ་ཁ་བསམ་སྡིངས་དགོན་དུ་མཆོད་མཇལ་གནང་བཞིན་པ། 

 

ཟླ7པའི་ཚེས29ཉིན། པཎ་ཆེན་རིན་པོ་ཆེས་བསམ་སྡིངས་དགོན་དུ་བཀའ་ཆོས་གསུང་བཞིན་པ།

 

ཟླ7པའི་ཚེས29ཉིན། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་བསམ་སྡིངས་དགོན་དུ་བཞུགས་པ།

 དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེས་རྡོ་རྗེ་ཕག་མོ་རིན་པོ་ཆེ་དང་གླེང་མོལ་གནང་སྐབས་སུ། བསམ་སྡིངས་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་ལས་དོན་འབོར་ཆེན་བསྒྲུབས་ཡོད་པས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མིག་དཔེ་ཡིན་ཞེས་གསུངས།

 

འདི་ནི་ཟླ7པའི་ཚེས29ཉིན། བསམ་སྡིངས་དགོན་པའི་དགེ་འདུན་པ་ཚོས་པཎ་ཆེན་རིན་པོ་ཆེར་མཎྜལ་འབུལ་བཞིན་པ། 

 

ཟླ7པའི་ཚེས29ཉིན། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་གྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་སྒྲོན་བཞིན་པ།

 པཎ་ཆེན་རིན་པོ་ཆེས། དེ་རིང་བསམ་སྡིངས་དགོན་དུ་གནས་མཇལ་དུ་སླེབས་པས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས།

 བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་གྱིས་དགོན་པའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་དང་བསམ་སྡིངས་སྐུ་ཕྲེང་རིམ་བྱོན་དབར་ཆོས་འབྲེལ་ཟབ་མོ་ཡོད་ཅིང་། ད་ཐེངས་པཎ་ཆེན་རིན་པོ་ཆེར་མཇལ་བས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས།

 

ཟླ7པའི་ཚེས29ཉིན། པཎ་ཆེན་རིན་པོ་ཆེས་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་བཀའ་མོལ་གནང་བཞིན་པ། 

 

ཟླ7པའི་ཚེས29ཉིན། པཎ་ཆེན་རིན་པོ་ཆེས་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་བཀའ་མོལ་གནང་བཞིན་པ།

 བསམ་སྡིངས་དགོན་པའི་དགེ་འདུན་པ་ཚེ་རིང་དར་རྒྱས་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་སུ། རང་ཉིད་ནི་བོད་བརྒྱུད་ནང་བསྟན་བོ་དོང་ལུགས་ཀྱི་དཔེ་རྙིང་སྔོག་འདོན་དང་མྱུར་སྐྱོབ་འགན་འཁུར་བ་ཞིག་ཡིན། “ད་ཐེངས་ནི་པཎ་ཆེན་རིན་པོ་ཆེ་བསམ་སྡིངས་དགོན་དུ་ཆིབས་སྒྱུར་གནང་ཐེངས་དང་པོ་ཡིན་པས་བོ་དོང་ལུགས་དང་དགོན་སྡེ་ཡོངས་ཀྱི་ངོས་ནས་བརྗོད་ན་དོན་ཆེན་ཞིག་རེད”ཅེས་བཤད།

 ཁོང་གིས། བསམ་སྡིངས་དགོན་གྱི་དགེ་འདུན་པ་ཚོས་ཟླ་གཅིག་གི་གོང་ནས་གྲ་སྒྲིག་ཞིབ་ཚགས་ཀྱིས་རིན་པོ་ཆེའི་གཟིགས་སྐོར་དང་གནས་མཇལ་བྱེད་པའི་ལམ་ཐིག་ཇུས་འགོད་བྱས་པར་མ་ཟད་དགོན་པའི་ཤམ་བུ་དག་ཀྱང་གསར་པར་བརྗེས་ཡོད། “པཎ་ཆེན་རིན་པོ་ཆེ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་རེད།  བསམ་སྡིངས་དགོན་དུ་ཁོང་གི་བཀའ་སློབ་དངོས་ཉན་རྒྱུ་བྱུང་བས།  ང་ཚོས་ནང་ཆོས་དར་སྤེལ་དང་། འགྲོ་ཀུན་ལ་ཕན་འདོགས་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལྕག་སྐུལ་ཆེན་པོ་ཐེབས་ཀྱི་ཡོད”ཅེས་གསུངས།  

 པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུའི་གྲས་ཤིག་ཡིན། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1