ཧུང་ཡོན་ལ་སི་ཁྲོན་ནོར་གནག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་བསྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-05


 


     སྤྱི་ཟླ་8པའི་ཚེས་2ཉིན། སྤྱི་ལོ་2022ལོའི་ཧུང་ཡོན་རྩྭ་ཐང་ཆེ་མོའི་སྐབས་བཅུ་བའི་ནོར་གནག་རིག་གནས་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཐོག སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱིས་ཧུང་ཡོན་རྫོང་ལ་སི་ཁྲོན་ནོར་གནག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་བསྩལ། 


 

     ནོར་གནག་ལ་ས་མཐོའི་གྲུ་གཟིངས་ཞེས་འབོད་སྲོལ་ཡོད་ཅིང་། ཧུང་ཡོན་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་མགོའི་འབྱུང་ཁུངས་གསོ་སྐྱོང་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལྡན་ལ། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཡང་ཡིན། གནས་འདིར་རང་བྱུང་རྩྭ་ར་རྒྱ་ཆེ་ཞིང་ནོར་ནག་ཁྲི་50ལྷག་ཙམ་ཡོད། རྨེ་བའི་ནོར་ནག་སྐད་གྲགས་དེ་བས་ཆེ་བས་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཐོན་རྫས་ཡིན། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ལོ་རྒྱུས་དང་དམངས་སྲོལ་རིག་གནས་བཅས་ཚང་མ་འབྲི་གཡག་དང་འབྲེལ་བ་དམ་ཟབ་ཡོད་པས་མིང་དོན་མཚུངས་པའི་ནོར་ནག་གི་ཕ་ས་དང་འབྲི་གཡག་རིག་གནས་ཀྱི་ཕ་ས་ཞིག་ཡིན། 

 


     ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནོར་ནག་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། ཡང་དག་པའི་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་ནས་ནོར་གནག་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དཔེར་ན་དུས་ཡུན་རིང་པོར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོལ་མོའི་དུས་སྟོན་དང་ནོར་གནག་རིག་གནས་དུས་ཆེན་སོགས་དམངས་ཁྲོད་ཀྱི་དུས་སྟོན་དང་བྱེད་སྒོ་གལ་ཆེན་སྣ་ཚོགས་སྤེལ་བ་མ་ཟད་སྦྲ་གུར་ལྗོངས་སྐོར་ཞེས་པ་དང་འབྲོག་པའི་འཚོ་བ་ཉམས་ལེན་བྱེད་པ་སོགས། ནོར་གནག་རིག་གནས་ལྟེ་བར་བཟུང་བའི་ལྗོངས་སྐོར་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ནོར་ནག་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་པ་དང་ཆབས་ཅིག་ནོར་གནག་རིག་གནས་སྔོག་འདོན་དང་རྒྱུན་འཛིན་སྲུང་སྐྱོང་བཅས་ལ་སྣང་ཆེན་བྱས་པར་མ་ཟད། གྲོང་གསེབ་དར་རྒྱས་དང་རིག་གནས་ལྗོངས་སྐོར་མཉམ་འདྲེས་ལ་སྐུལ་ཁྲིད་ཤུགས་ཆེན་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་དང་། བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བདེ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེར་བརྟེན་སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་པ་རྩ་འཛུགས་བྱས་ཏེ་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་དང་། ཧུང་ཡོན་རྫོང་གི་ནོར་གནག་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་གཏིང་ཟབ་པ། ནོར་གནག་རིག་གནས་ཁྱད་ཆོས་ལྡན་པའི་ཕ་ཡུལ་གཏོད་པའི་བྱ་ཐབས་ནུས་ལྡན་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས་ཧུང་ཡོན་རྫོང་ལ་སི་ཁྲོན་ནོར་གནག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་བསྩལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1