༄༅།། རྨ་འབྲིའི་བཞུར་རྒྱུན་རྔ་གཡང་ཕྱུག་མོའི་དངོས་མིན་ཤུལ་བཞག་རིག་གནས་འགའ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-08


        རྔ་བ་རྫོང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་སུ་གནས་ཡོད་ལ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་བཅུད་འདུས་ས་ཆ་གལ་ཆེན་ཞིག་དང། བོད་རིགས་གཙོ་བྱས་པའི་རོང་མ་འབྲོག་གི་གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་རྫོང་ཞིག་ཡིན། གནས་འདིར་མི་རིགས་དམངས་སྲོལ་རིག་གནས་ཀྱི་རྫོང་སྟུག་ལ། རྫོང་གི་མངའ་ཁོངས་སུ་མཚོ་འཕགས་སྨི་5154ཡོད་པའི་གཉན་པོ་གཡུ་རྩེ་དང་མཚོ་འཕགས་སྨི་2935ལས་མེད་པའི་གསེར་མཛོད་ཡོད། མཐོན་པོའི་སྒང་དང་དམའ་མོའི་གཤོང་གི་མཚོ་འཕགས་ཀྱི་བར་ཁྱད་དང་ལོ་ངོ་སྟོང་གི་རྒྱུན་འཛིན་ཡོད་པའི་རིག་གནས་ཕུན་སུམ་ཚོགས་པས། རྔ་བའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྒྲོམ་གཞི་ཆགས་ཡོད། དེའི་ཁྲོད་དུ་ཕུན་སུམ་ཚོགས་པའི་དངོས་མིན་ཤུལ་བཞག་རིག་གནས་མང་པོ་ཡོད།

        རྨ་ཆུའི་འབབ་རྒྱུད་ཀྱི་ཁོད་ཡངས་པའི་རྩྭ་ཐང་སྟེང་དུ་རིག་གནས་སྐྱེ་ཁམས་ཐོན་ཁུངས་འབོར་ཆེན་ཡོད་ལ། མདོ་དབུས་མཐོ་སྒང་གི་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་ཁྲོད་དུ་ངོ་མཚར་ཞིང་ཁྱད་དུ་འཕགས་པའི་རིག་གནས་ཉིང་བཅུད་མང་པོ་རྒྱུན་འཛིན་བྱས་ཡོད་ལ། རིགས་སོ་སོའི་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་མཚོན་པར་མ་ཟད། དེ་དག་གི་གཞུང་དྲང་དང་བློ་ཁོག་ཡངས་བ་ཀུན་མཚོན་པར་བྱས་ཡོད།

 

 མིག་མངས།

        བོད་ཀྱི་མིག་མངས་ཀྱི་ལོ་རྒྱུས་འབྱུང་ཁུངས་རྒྱུན་རིང་ལ། མིག་མངས་རིགས་གཞན་དང་འདྲ་བར་རོལ་རྩེད་ཀྱི་རོལ་རྩེད་རང་བཞིན་དང་རྒྱལ་ཕམ་དོན་གཉེར་གྱི་རྩལ་འགྲན་རང་བཞིན་ལྡན་ཞིང་། རྔ་བ་རྫོང་གི་དམངས་ཁྲོད་དུ་ལོ་བརྒྱའི་རིང་ཉམས་པ་མེད་པས་བོད་ཀྱི་མིག་མངས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་ནང་དོན་མངོན་གསལ་དོད་པོ་ཡོད་ཅིང་། དེའི་ཡོ་བྱད་སྟབས་བདེ་བ་དང་། གང་སར་རྒྱུ་ཆ་ལེན་རྒྱུ་ཡོད་པ། གང་སར་རྩེ་ཐུབ་པ། སྤྲོ་སྣང་རང་བཞིན་ཆེ་བ་བཅས་ཀྱི་དབང་གིས་རྔ་བ་རྫོང་གི་རོང་འབྲོག་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད། ད་ཆ་རྔ་བ་བོད་ཀྱི་མིག་མངས་དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཤིིག་ཡིན་པའི་ངོས་ནས་བོད་ཀྱི་མིག་མངས་རིག་གནས་དབྱར་མཚོ་རྒྱས་པ་ལྟར་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་རྒྱུ་རེད།


 ཐུན་མོང་མ་ཡིན་པའི་ཨ་མདོའི་རྒྱན་གོས།

        རྔ་པ་རྫོང་ནི་ཨ་མདོའི་ཁྱབ་ཁོངས་སུ་གཏོགས་ཤིང་། ས་གནས་དེ་གའི་བོད་ཆས་མདོག་དང་ཚུགས་ཀ་སོགས་ཀྱི་ཆ་ནས་ཁྱད་ཆོས་འབུར་དུ་ཐོན་པས། ཨ་མདོའི་རྒྱན་གོས་གནས་མཆོག་ཅེས་པའི་མཚན་སྙན་ཡང་ཡོད། དེ་ལ་ཁྱད་ཆོས་དམིགས་བསལ་ལྡན་པ་དང། འཚེམ་བཟོའི་ལག་རྩལ་རྩེ་གྲས་ཨ་མདོའི་རྒྱན་གོས་ཁྲོད་ཀྱི་ཚབ་མཚོན་ལྟ་བུར་ཆགས་ཡོད།


 འབེལ་དཀར།

        འབེལ་དཀར་རམ་འབྲས་དཀར་གཞས་མ་གཏམ་ནི་བོད་རིགས་ས་ཁུལ་གྱི་གནའ་བོའི་གཞས་ཀྱི་གྲས་ཤིག་ཡིན་ཞིང་། རྔ་བ་རྫོང་དུ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་སྔ་སློང་མོ་བས་ཤོད་པའི་གཞས་མ་གཏམ་ཡིན་པ་དང་ནང་དོན་མང་ཆེ་བ་ནི་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་། དཔའ་བོའི་སྙན་ངག །རྟེན་འབྲེལ་སོགས་དམངས་ཁྲོད་ངག་རྒྱུན་ཡིན་པ་རེད། བཅིངས་འགྲོལ་བཏང་རྗེས། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཚོས་སྒྱུ་རྩལ་གྱི་ཚེ་སྲོག་གསར་པ་ཞིག་སྤྲད་ཡོད་ཅིང་། བཀྲ་ཤིས་ལམ་འགྲོ་ཡོང་བའི་སྨོན་འདུན་མཚོན་བྱེད་དུ་གྱུར་ཡོད་པས། བོད་རིགས་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།


 ཨ་མདོའི་སྡོད་ཁང་།

        རྔ་བར་སྐྱོད་སྐབས་གྱང་ཁང་མང་པོ་ཞིག་གཞུང་ལམ་ངོགས་གཉིས་སུ་བསྐྲུན་ཡོད་ལ། གཞན་དང་མི་འདྲ་བའི་སྡོད་ཁང་སྐྲུན་པའི་རྟེན་རྫས་བཤམས་མཛོད་ཁང་གི་ཉམས་འགྱུར་ཐོག་ནས་ལོ་བརྒྱའི་རྒྱུན་མཐུད་པའི་སོ་ནམ་གྱི་ཤེས་དཔལ་མངོན་ཡོད་པ་རེད། རྔ་བ་རྫོང་གི་གྱང་ཁང་ནི་རྒྱུ་ཆ་རང་ས་ནས་ལེན་པ་དང་ཁྱད་ཆོས་གཞན་དང་མི་འདྲ་བར་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ལ། འཛུགས་སྐྲུན་གྱི་རྣམ་པ་དེ་ས་གཞི་ཆེན་པོའི་ནང་ནས་སྐྱེས་ཡོང་བ་དང་འདྲ་བར་དེ་གའི་རང་བྱུང་རི་ཀླུང་དང་གཞི་གཅིག་ཏུ་འདྲེས་ནས་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

 

 རྫ་ཁྲོམ་དུས་ཆེན།

        ལོ་ངོ་2000ལྷག་གི་ལོ་རྒྱུས་ལྡན་པའི་རྫ་བཟོའི་བཟོ་རྩལ་དེ་ལག་ཤེས་རྐྱང་པས་བཟོས་པའི་རྫ་ཆས་ཀྱི་བཟོ་རྩལ་ཞིག་ཡིན་ལ། དེའི་ཁྱད་ཆོས་ནི་ནག་ལ་སྲབ་པ་དང་འོད་དུ་འཚེར་བ་གསུམ་གྱི་ཁྱད་ཆོས་ལྡན་པ་དང་། འོད་ཐིག་མི་འདྲ་བའི་འོག་མདོག་སྨུག་པོ་དང་སྔོན་པོ། དངུལ་མདོག་སོགས་མངོན་ཐུབ། རྔ་བ་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ངེས་པར་དུ་མཁོ་བའི་དངོས་པོ་ཞིག་ཡིན་པའི་ངོས་ནས་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། ད་ཆ་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་ལག་ཟུང་ལ་བརྟེན་ནས་འབད་པ་ལྷོད་མེད་ཀྱིས་རྫ་ཆས་རིག་གནས་རྒྱུན་འཛིན་ཧུར་ཐག་བྱེད་ཀྱི་ཡོད།

        དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་དུ་ལོ་གཅིག་དུས་གཅིག་གི་ཚོང་དོན་འདུ་ཚོགས་ཐོག་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རྫ་ཆས་ཚོང་པའི་ཡིད་དབང་བཀུག་ནས་དར་རྒྱས་ཆེ་བའི་རྫ་ཆས་ཉོ་ཚོང་གི་རྣམ་པ་ཞིག་ཆགས་པ་བྱས་ཡོད། དེ་ལ་རྫ་ཁྲོམ་ཞེས་ཟེར་ཞིང་། རྫ་ཆས་ཚོང་ར་ཡིན་པས་བསྡུས་མིང་ལ་རྫ་ཁྲོམ་དུས་ཆེན་ཀྱང་ཟེར་ལ། རྔ་བ་རྫོང་གི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཏུ་ཆགས་ཡོད།

 

 རྩྭ་ཐང་གི་སྐོར་བྲོ།

        བོད་མི་རིགས་ནི་གླུ་དབྱངས་དང་ཞབས་བྲོའི་ཐོག་ནས་འཚོ་བ་མཚོན་པར་མཁས་ཞིང་། གདོད་མའི་དམངས་གཞས་ནི་ངག་རྒྱུན་རྩོམ་རིག་གི་ཚུལ་དུ་ཆགས་ཡོད་ལ། མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་དར་ཞིང་། དེ་ལ་ཡུལ་དུས་ཀྱི་ཚོད་འཛིན་མི་ཐེབས་པར། འདོན་སྤེལ་གང་ལེགས་བྱེད་པའི་བར་སྟོང་དང་ཡང་བསྐྱར་གསར་རྩོམ་གྱི་ཁྱབ་ཁོངས་ཡོད་པས། དེས་གླུ་པ་ཚོའི་གཞས་གཏོང་རྩལ་དང་ཉམས་འགྱུར་མཚོན་པར་མ་ཟད། ད་དུང་གླུ་གཞས་ཀྱི་འགྱུར་ཁུག་དང་མཚོན་ཐབས་ཀྱང་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།

        དཔའ་བོ་མི་སྣའི་བྱས་རྗེས་ལ་བསྟོད་བསྔགས་དང་ལྷ་ལ་གསོལ་བ་སྨོན་ལམ་འདེབས་པ། ལོ་ལེགས་སྨིན་པར་རྟེན་འབྲེལ་ཞུ་བར་དམངས་ཁྲོད་ཀྱི་མི་སེར་ཚང་མས་རྩྭ་ཐང་གི་སྐོར་བྲོ་ཞེས་པའི་ཞབས་བྲོ་འཁྲབ་ནས་དགའ་སྤྲོའི་བསམ་པ་མཚོན་པར་བྱེད་པ་དང་། ཚང་མ་སྒོར་དབྱིབས་སུ་སྐོར་ནས་འཁྲབ་བཞིན་ཡོད་ལ། ཞབས་བྲོའི་སྟངས་སྟབས་མང་ཆེ་བ་ཕྲག་པ་དང་རྒྱབ་འགུལ་བ་ལ་བརྟེན་ནས་འཁྲབ་པ་ཞིག་ཡིན་ལ། ཕོ་ཉམས་དང་རྫིག་ཉམས་ཅན་གྱི་ཞབས་བྲོའི་རིགས་ཤིག་ཡིན།


         རྔ་བ་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་བཀྲག་མདངས་སྔར་བཞིན་མ་ཉམས་ཤིང་། རྔ་བ་རྫོང་དུ་དངོས་མིན་ཤུལ་བཞག་རིག་གནས་དེ་ས་ཆ་དེ་གའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་དང་བླ་སྲོག་ལྟ་བུར་གྱུར་ཡོད། ཐང་ག་གཅིག་དང་བོད་ཀྱི་མིག་མངས་གཅིག ། གཞས་མ་གཏམ་གཅིག །གཟབ་མཆོར་ལེགས་པར་སྤྲས་པའི་ཞབས་བྲོའི་རོལ་དབྱངས་བཅས་ལས་ས་གནས་དེའི་ལོ་རྒྱུས་དང་སྲོལ་རྒྱུན་བརྗོད་ཡོད་པས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ཀྱི་མུ་ཏིག་ལ་བཀྲག་མདངས་འཚེར་བཞིན་མཆིས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1