ཨ་རིའི་ཙུང་ཐུང་གི་ཉིང་བསྐྱུར་བཤེར་འབྲས་སྲིབས་གཤིས་སུ་གྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-09



 

   ཚེས་7ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ཙུང་ཐུང་སྨན་པ་ཁའེ་ཝུན•ཨའོ་ཁང་ན་ཡིས་ཙུང་ཐུང་པེ་ཏེན་གྱིས་ཉིན་གཉིས་བསྟུད་མར་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པ་དེ་སྲིབས་གཤིས་སུ་གྱུར་ནས་ལོགས་བཀར་བྱེད་མཚམས་མཇུག་སྒྲིལ་ཡོད་ཅེས་བཤད་པ་རེད།

ཨའོ་ཁང་ན་ཡིས་ཕོ་བྲང་དཀར་པོར་ཕུལ་བའི་དྲན་ཐོའི་ནང་པེ་ཏེན་ནི་སླར་ཡང་ཡོངས་བསྒྲགས་དང་ཕྱིར་བསྐྱོད་ཀྱི་བྱེད་སྒོར་ཕྱིར་ལོག་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

    ཚེས་7ཉིན་གྱི་ཞོགས་པ་སྔ་པོར་པེ་ཏེན་ཕ་ཡུལ་ཐེ་ལ་ཧྭ་མངའ་སྡེ་རུ་བསྐྱོད་པ་དང་འགྲོ་ཁར་ཕོ་བྲང་དཀར་པོར་གསར་འགོད་པར“ང་རང་གི་ཚོར་སྣང་ཡག་པོ་འདུག”ཅེས་བཤད།

   ཟླ་7ཚེས་30ཉིན། པེ་ཏེན་གྱི་ཏོག་གསར་ནད་དུག་བཤེར་འབྲས་ཡང་བསྐྱར་གདགས་གཤིས་སུ་གྱུར་ནས་ལོགས་སུ་བཀར་བ་རེད།


རྩོམ་ཡིག་རྗེས་མ།
༄༅།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1