དཔལ་འབར་བརྒྱུད་སྤྲོད་མཛད་སྒོ་ཉིང་ཁྲིར་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-09


རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་མཛད་སྒོ་ཉིང་ཁྲིར་འཚོགས་པ། 

        ཟླ་8ཚེས་5ཉིན། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་མཛད་སྒོ་དེ་ཉིང་ཁྲིར་འཚོགས་ཤིང་། ལྗོངས་ཡོངས་ཀྱི་ལུས་རྩལ་གྱི་སྔོན་ཐོན་འཐུས་མི་དང་། ཕུལ་བྱུང་ལུས་རྩལ་པའི་འཐུས་མི། ལས་རིགས་ཀྱི་འཐུས་མི། སློབ་མའི་འཐུས་མི། བོད་སྐྱོར་ལས་བྱེད་པའི་འཐུས་མི་སོགས་ལས་གྲུབ་པའི་དཔལ་འབར་བརྒྱུད་སྤྲོད་པ་50ཡིས་དཔལ་འབར་མཐོན་པོར་བསྒྲེངས་ནས་རིམ་པ་བཞིན་བརྒྱུད་སྤྲོད་ཀྱིས་མདུན་དུ་བསྐྱོད་དེ། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་དགའ་སྤྲོའི་ངང་བསུ་བ་ཞུ་བའི་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད།

        ཀོང་པོ་སྤྱི་གླིང་གི་མགྲོན་བསུའི་ཐང་ཆེན་ནས་དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་བཙུགས་ཤིང་། ལམ་བར་དུ་འགྲེམས་ཚོགས་ལྟེ་གནས་དང་། ཀོང་ཧྥུའུ་ལམ་ཆེན། འབྲི་གཡག་ཐང་ཆེན། མགྲོན་བསུའི་ལམ་ཆེན་སོགས་ཉིང་ཁྲིའི་འགྲོ་ལམ་གཙོ་བོ་དང་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་བརྒྱུད་རྗེས་སླར་ཡང་འགོ་འཛུགས་སར་སླེབས་པ་རེད། དཔལ་འབར་བརྒྱུད་སྤྲོད་པ་ཚོས“རེ་བ་དང་འོད་སྣང”མཚོན་པའི་དཔལ་འབར་མཐོན་པོར་བསྒྲེངས་ནས་ལམ་ཐག་ཧྲིལ་པོར་སྨི་5800ཙམ་ཟིན་པའི་བརྒྱུད་སྤྲོད་ལམ་ཐིག་བརྒྱུད། ཉིང་ཁྲི་དང་། ལྗོངས་ཡོངས། རྒྱལ་ཡོངས་མི་དམངས་བཅས་ལ་ལས་བརྩོན་བབ་ཆགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད། དཔལ་འབར་བརྒྱུད་སྤྲོད་པའི་གོམ་འགྲོས་དང་བསྟུན་ནས་ཉིང་ཁྲིའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལམ་ཁར་སྤྲོ་སྣང་ཆེན་པོས་དགའ་བསུ་ཞུས་ཤིང་། ཚང་མས་སྔ་ས་ནས་ལམ་གཡས་གཡོན་དུ་བསྒུཌ་ནས་དགའ་འབོད་དང་སྦྲགས་དཔལ་འབར་བརྒྱུད་སྤྲོད་པར་ལྕག་སྐུལ་དང་ལུས་རྩལ་འགྲན་ཚོགས་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་རེད།

        སྤྲོ་སེམས་འཁོལ་བའི་དགའ་འབོད་ཁྲོད་དཔལ་འབར་བརྒྱུད་སྤྲོད་པ་མཐའ་མ་དེ་ཀོང་པོ་སྤྱི་གླིང་གི་མགྲོན་བསུའི་ཐང་ཆེན་དུ་སླེབས་པ་དང་། དཔལ་འབར་བརྒྱུད་སྤྲོད་ཀྱི་བྱེད་སྒོ་ཡང་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།


རྩོམ་ཡིག་སྔོན་མ།
༄༅།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1