ཧུང་ཡོན་ནས་བོད་ཀྱི་ཡུལ་གཞས་རྒྱུན་འཛིན་འགྲན་བསྡུར་ཆེན་མོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཧུང་ཡོན་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 08-09


 

        སྤྱི་ཟླ་8ཚེས་4ཉིན། 2022ལོའི་སྐབས་གཉིས་པའི་ཀྲུང་གོའི་བོད་ཀྱི་ཡུལ་གཞས་རྒྱུན་འཛིན་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་དེ་ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་ར་བ་ནས་བདེ་བླག་ངང་མཇུག་བསྒྲིལ། གཞས་པ་12ཀྱིས་སྐད་ངག་སྙན་མོས་བོད་རིགས་ཀྱི་གླུ་གཞས་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་པ་དང་། དཔྱད་འདེམས་པ་དང་སྐུ་མགྲོན་རྣམ་པས་ཆེད་ལས་ཀྱི་རྣམ་འགྱུར་དང་དངོས་ཡོད་ནུས་པ་ལ་བརྟེན་ནས་བོད་ཀྱི་གླུ་གཞས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་བྱས།

 

        ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་ལ་དཔྱད་འདེམས་སྐུ་མགྲོན་དུ་ཡར་དུང་དང་གཡུང་དྲུང་རྒྱལ། བཀྲ་ཤིས་ཉི་མ། སྨན་བླ་སྐྱབས། སྒྲོལ་མ་སྐྱབས་བཅས་སྐད་གྲགས་ཅན་གྱི་གླུ་པ་དང་གཞས་ཚིག་རྩོམ་པ་པོ་ཆེད་དུ་གདན་ཞུས་བྱས་ནས། ཆེད་ལས་རང་བཞིན་ལྡན་པའི་ངང་འགྲན་བསྡུར་སྤེལ་བ་དང་། འགྲམ་རིམ་གསུམ་བྱས་པ་བརྒྱུད། མཐའ་མར་གླུ་མ་གཡང་ཕྱུག་ལྷ་མོ་ལ་ཨང་དང་པོ་དང་། བསོད་ནམས་སྟོབས་ལྡན་ལ་ཨང་གཉིས་པ། ཤ་བོ་བསམ་གྲུབ་ལ་ཨང་གསུམ་པ་བཅས་ཐོབ་ཡོད། །

 

 

 

 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1