སྡེ་དགེ་རྫོང་ན་མདོ་ཤང་གིས་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྐྲུན་ལས་དོན་ལ་རྟོག་ཞིབ་སློབ་སྦྱོང་བྱས།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09





སྡེ་དགེ་རྫོང་ན་མདོ་ཤང་གིས་ཤང་ཡོངས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཨ་ཕྱུག་གྲོང་རྡལ་དུ་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྐྲུན་ལས་དོན་ལ་རྟོག་ཞིབ་སློབ་སྦྱོང་བྱས། 

  

        ཟླ་བ་7པའི་ཚེས་7ཉིན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐུབ་བསྟན་ནམ་མཁས་ན་མདོ་ཤང་དུ་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྐྲུན་ལ་དཔྱད་ཞིབ་བྱེད་སྐབས་ཀྱིས་གལ་ཆེ་བའི་གསུངས་བཤད་བཅས་ལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་ཆར་ན་མདོ་ཤང་ཏང་ཨུ་ཧྲུའུ་ཅི་འཕྲིན་ལས་ཕུན་ཚོགས་ཀྱིས་ཤང་ཡོངས་ཀྱི་ལས་བྱེད་ལས་བཟོ་པ་ཁྲིད་དེ་ཨ་ཕྱུག་གྲོང་རྡལ་དུ་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྐྲུན་ལས་དོན་ཐད་ཨ་ཕྱུག་གྲོང་རྡལ་གྱི་ན་ནང་གྲོང་སྡེའི་གནས་མཆོག་གྲོས་མོལ་ཏེ་ན་ནང་གྲོས་མོལ་གྱི་དོན་གྲོས་ཁང་གི་ཡུལ་དངོས་སུ་ལྟ་ཞིབ་དང་།  དཔྱད་ཡིག་ལྟ་ཀློག་དང་།  འགྲེལ་བཤད་ཉན་འཇོག་སོགས་བརྒྱུད་ནས་རྟོག་ཞིབ་ཚོ་ཆུང་གིས་ཨ་ཕྱུག་གྲོང་རྡལ་དུ་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པ་དང་།  ཟུང་རོགས་བྱེད་སྒོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད།  ལས་སྟེགས་འཛུགས་སྐྲུན་དང་ལམ་སྲོལ་སྒྲིག་འཛུགས། བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་སོགས་ལ་དམིགས་ནས་སློབ་སྦྱོང་དང་སྤེལ་རེས་གཏིང་ཟབ་བྱས་པ་ཡིན།

  

        རྟོག་ཞིབ་མཇུག་སྒྲིལ་རྗེས་ན་མདོ་ཤང་གིས་འཕྲལ་དུ་ཏང་ཨུད་ཀྱི་ཚོགས་འདུ་འཚོགས་ཤིང་།  དོན་དག་བཀོད་སྒྲིག་བྱས་ནས་གྲོས་མོལ་ས་ཚིགས་འཛུགས་པའི་ལས་དོན་བཀོད་སྒྲིག་བྱས། གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།  ཨ་ཕྱུག་གྲོང་རྡལ་གྱི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ས་ཚུགས་འཛུགས་སྐྲུན་བྱས་པའི་སྔོན་ཐོན་བྱེད་སྟངས་ལ་སློབ་སྦྱོང་བྱ་དགོས་ཞིང་།   ན་མདོ་ཤང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤང་དེའི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ན་མདོ་ཤང་ལ་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་ཞིང་།  ན་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་ཆེད་ཐབས་འདོན་ཇུས་འདོན་བྱེད་དགོས་པ་རེད།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1