མངའ་རིས་སུ་ཏོག་གསར་ནད་དུག་གི་ནད་རྟགས་མེད་པའི་ནད་པ་4ཐོན་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 08-09



ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 


 

2022〔ཡིག་ཨང་5པ〕


     2022ལོའི་ཟླ་8ཚེས་7ཉིན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་རྒྱུན་གཏན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ཕྱི་ནས་ཡུལ་སྐོར་དུ་ཡོང་བའི་མི་4ཡི་ཏོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པ་མངོན་ཡོད།  གནས་ཚུལ་ཞིབ་ཕྲ་གཤམ་གསལ།

     ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ནད་པ་དང་པོ།  བུད་མེད།  ལོ་61  བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གླིང་གསར་གྲོང་ཚོའི་གྲོང་མི།  ད་ལྟ་ཏོག་གསར་ནད་དུག་གི་ནད་རྟགས་མེད་པའི་ནད་པ་ཡིན་པ།

     ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ནད་པ་གཉིས་པ།  སྐྱེས་པ།  ལོ་59  བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་སྐྱིད་འཕེལ་གླིང་སྡེ་ཁུལ་གྱི་གྲོང་མི།  ད་ལྟ་ཏོག་གསར་ནད་དུག་གི་ནད་རྟགས་མེད་པའི་ནད་པ་ཡིན་པ།

    ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ནད་པ་གསུམ་པ།  བུད་མེད།  ལོ་55  བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོའི་གྲོང་མི།  ད་ལྟ་ཏོག་གསར་ནད་དུག་གི་ནད་རྟགས་མེད་པའི་ནད་པ་ཡིན་པ།

     ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ནད་པ་བཞི་པ།  བུད་མེད།  ལོ་47 བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོའི་གྲོང་མི།  ད་ལྟ་ཏོག་གསར་ནད་དུག་གི་ནད་རྟགས་མེད་པའི་ནད་པ་ཡིན་པ།

     མིག་སྔར། ནད་རྟགས་མེད་པའི་ནད་པ་བཞི་པོ་དེ་དག་ལ་གནས་གཏན་འཁེལ་གྱིས་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། མི་དེ་དག་དང་འབྲེལ་འདྲིས་དམ་ཟབ་ཡོད་པ་དང་། འབྲེལ་འདྲིས་ཅུང་ཡོད་པ་ཚང་མ་གཅིག་སྡུད་ལོགས་འཇོག་བྱས་ཡོད།

     མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ད་ལྟ་ཉེན་ཁ་འབྲིང་བའི་ཁུལ་7གཏན་འཁེལ་བྱས་པ་སྟེ། སེར་ར་ལུང་དགོན་དང་། ཁྲུས་སྒོ་དགོན། ཅིང་ཧྭ་མགྲོན་ཁང་། ཞའོ་ཅུན་ཀན་ཕྲེང་བརྒྱུས་རྒྱ་ཁོག་ཟ་ཁང་། འཁོར་ཆགས་དགོན། སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཁྲོམ་རྭ། བྱིའུ་དགོན་བཅས་ཡིན། སྤུ་ཧྲེང་རྫོང་གི་ས་ཁུལ་གཞན་དག་ལ་ཉེན་ཁ་ཆུང་བའི་ཁུལ་བཞིན་ལྟ་འདོམས་བྱ་རྒྱུ་རེད།


ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མངའ་རིས་ས་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས། 


 

2022ལོའི་ཟླ་8ཚེས་8ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1