༄༅།། ཁྲེན་ཀང་གི་རི་མོའི་བརྩམས་ཆོས་བདམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09


 

▲ ཕྱིར་ལོག 

  


        ཁྲེན་ཀང་ནི་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་དཀར་མཛེས་ཁུལ་རྩོམ་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན། སྤྱི་ལོ་2003ལོར་ལས་ཀའི་དགོས་དབང་གིས་དཀར་མཛེས་ཁུལ་བོད་ལུགས་རི་མོ་ཞིབ་འཇུག་ཁང་དུ་ལས་གནས་སྤོས་ནས་བོད་ལུགས་རི་མོ་གསར་པའི་ཞིབ་འཇུག་གསར་རྩོམ་གྱི་ལས་ཀར་ཞུགས་པ་དང་། ཁོང་གི་བརྩམས་ཆོས་ཀྱི་ནང་དོན་ནི་དམངས་སྲོལ་གཙོ་བོ་བྱས་ཏེ་དུས་རབས་ཀྱི་ཉམས་འགྱུར་ལ་དམ་པོར་དམིགས་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བོད་རིགས་མི་དམངས་ཀྱི་བདེན་ལེགས་མཛེས་གསུམ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་བསྟོད་གླུ་ཕུལ་བ་མཚོན་པར་བྱས་ཡོད།


         ཁོང་གི་བརྩམས་ཆོས་ཞིང་ཆེན་དང་ཁུལ་རིམ་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ལ་ཐེངས་མང་ཞུགས་པ་དང་། བརྩམས་ཆོས《སྒྲ་སྙན་མོ》ལ་སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་དུ་བདམས་ཐོན་བྱུང་བར་མ་ཟད་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། བརྩམས་ཆོས《སྤྲིན་དམར》ཡང་སི་ཁྲོན་ཞིང་ཆེན་གྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་མཛེས་རྩལ་འགྲེམས་སྟོན་དུ་བདམས་ཐོན་བྱུང་པ་དང་བརྩམས་ཆོས་དེ་འགྲེམས་སྤེལ་བྱས་པའི་པར་དེབ་ཆེ་གྲས་ནང་བཀོད་ཡོད། བརྩམས་ཆོས《གནའ་ལམ》སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་སྤེལ་བའི་སྐབས་གཉིས་པའི(སྐར་ཚོམ་འོད་དུ་མཚེར་ཞེས་པའི་རིག་རྩལ་འགྲེམས་སྟོན)དུ་བདམས་ཐོན་བྱུང་བར་མ་ཟད་ཨང་གསུམ་པའི་བྱ་དགའ་ཐོབ། བརྩམས་ཆོས《དཔྱིད་ཀ》སྐབས་ལྔ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཛེས་རྩལ་འགྲེམས་སྟོན་དུ་བདམས་ཐོན་བྱུང་བ་དང་ཕུལ་བྱུང་བྱ་དགའ་ཐོབ་པ་རེད། ། 

 




▲ སྤྲིན་དམར། 


 

▲ རྡོག་བྲོ།


 

▲ སྐལ་བཟང་མེ་ཏོག

 

▲ ཁྱིམ་གཞིས་གསར་པ།

 

▲ དཔྱིད།

 

▲ དུང་སྒྲ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1