《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》ཁག་དང་པོའི་དེབ་བཅུ་གཉིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-10


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཡིག་ཚགས་ཁང་གིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》ཁག་དང་པོའི་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།


        《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དབང་གྲགས་ལྡན་པའི་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས་ཆ་ཚང་ཞིག་རེད། ཐེངས་འདིར་དཔེ་སྐྲུན་བྱས་པའི་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས་ཁག་དང་པོ་ནི་1921ལོ་ནས་1927ལོའི་བར་གྱི་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་དང་། ཁྱོན་བསྡོམས་དེབ་12དང་། ཡིག་འབྲུ་ཁྲི་430ལྷག་ཙམ་ཡོད་ཅིང་། ཏང་དབུ་མ་བརྙེས་གོང་གི་གྲུབ་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་ཅིག་ཟུར་བཀོད་བྱས་ཏེ་དེབ་དང་པོའི་ནང་བཅུག་ཡོད་པ་རེད། ཁག་དང་པོར་དཔེ་སྐྲུན་བྱས་པའི་ཚད་ལྡན་ཡིག་ཆ་གལ་ཆེན་དེ་དག་ལས་མར་ཁེ་སི་རིང་ལུགས་ཀྲུང་གོར་དར་རྗེས་ཀྲུང་གོའི་སྤྱི་ཚོགས་ལ་ཐོན་པའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པ་དང་། སྔོན་ཐོན་གྱི་ཀྲུང་གོ་བ་རྣམས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་བདམས་ནས་མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་པའི་བསམ་བློ་དང་བརྒྱུད་རིམ་གཏན་འཁེལ་བྱས་པ་མཚོན་པ། སྔ་དུས་ཀྱི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མཛུབ་སྟོན་འོག་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་བྱས་པ་དང་། དེ་བཞིན་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་དཔའ་ངར་ལྡན་པའི་འཐབ་རྩོད་བྱས་པ་མཚོན་པ། ཚད་ལྡན་ཡིག་ཆ་གལ་ཆེན་དེ་དག་ནང་ཀྲུང་གོ་གུང་ཁྲན་ཏང་གྲབས་འཛུགས་དང་གསར་འཛུགས་བྱེད་པའི་དཀའ་ཚེགས་ཆེ་བའི་ལམ་བུའི་ཟིན་ཐོ་གསལ་པོར་བཀོད་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བརྒྱུད་རིམ་ཁྲོད་ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་དང་རྣོ་ངར་ཆེན་པོའི་གདོང་གཏུག་བྱས་ཚུལ་ཟིན་ཐོར་བཀོད་པ། ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་ཕོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཟིན་ཐོར་བཀོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་གྱི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་ཟམ་མི་ཆད་པར་བྱེད་པའི་རླབས་ཆེའི་ལོ་རྒྱུས་ཟིན་ཐོར་བཀོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་རིམ་བཞིན་གྲུབ་པ་དང་འབྲེལ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པའི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཀྱང་མངོན་པ་བཅས་རེད།


        《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་དེས། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་བྱ་རྒྱུར་རམ་འདེགས་ཐུབ་རྒྱུ་དང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་། ཡིད་ཆེས་བརྟན་དུ་གཏོང་བར་རམ་འདེགས་ཐུབ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་རྐྱང་འབད་བརྩོན་ཆེན་པོས་རྩོམ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1