ཐད་གཏོང་བརྒྱུད་དེ་ཕྱིར་འཚོང་བྱས་པས་ཞིང་བའི་ཡོང་འབབ་འཕར་སྣོན་བྱུང་ཡོད།

ནོར་བུ་ཚེ་རིང་གིས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-12



 

     ཚང་མ་བདེ་མོ། ང་འ་ཅེ་ཆའོ་ཡིན། ཚང་མས་ལྟོས་དང་། ངའི་རྒྱབ་ཕྱོགས་ཀྱི་ཤིང་ཏོག་ར་བ་རུ་ཆང་བ་ལི་སྨིན་ནས་བཏོག་མགོ་བརྩམས་ཡོད། མའོ་རྫོང་གི་མཚོ་ངོས་མཐོ་ཚད་དང་ཆུ་དྲོད་འོད་གསུམ་སོགས་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཀྱི་རྒྱུ་རྐྱེན་གྱིས་སྤུས་ལེགས་ཀྱི་མའོ་རྫོང་གི་ཆང་བ་ལི་བསྐྱེད་པ་རེད།  ཟླ་8པའི་ཚེས་2ཉིན། ཆའང་རིགས་བུད་མེད་ལིའུ་ཕིང་ཆའོ་ཡིས་མའོ་རྫོང་ནན་ཞིང་གྲོང་རྡལ་ཆང་བ་ལིའི་རྟེན་གཞི་རུ་ཐད་གཏོང་ཕྱིར་འཚོང་བྱེད་སྐབས་དེ་ལྟར་བཤད།

 


     2018ལོར་དྲ་རྒྱའི་ཐད་གཏོང་དང་འདྲེལ་འདྲིས་བྱས་པ་ནས་བཟུང་། ལོ་རེའི་ཆང་བ་ལི་སྟོན་བསྡུ་བྱེད་པའི་དུས་སུ། ལིའུ་ཕིང་ཆའོ་ཡིས་ཞིང་ར་ནས་ཐད་གཏོང་ཕྱིར་འཚོང་བྱས། 2021ལོར། ལིའུ་ཕིང་ཆའོ་དང་མོའི་ཚོགས་པ་ཡིས་དྲ་ལམ་ཐད་གཏོང་ཕྱིར་འཚོང་གི་བྱེད་ཐབས་བརྒྱུད་དེ། སྒོར་ཁྲི་1500ལྷག་གི་ཕྱིར་འཚོང་གྲངས་ཀའི་ལོ་རྒྱུས་གསར་བསྐྲུན་བྱས།

 

     ཉེ་བའི་ལོ་ཤས་རིང་། མའོ་རྫོང་གིས་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ། ཆང་བ་ལིའི་ཐོན་ལས་ནུས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བས། མིག་སྔའི་བར་དུ། མའོ་རྫོང་གི་ཆང་བ་ལིའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་8.34རུ་སླེབས་ནས་ཐོན་ཚད་ཏུན་ཁྲི་17.5རུ་སླེབས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1