ལྷ་ས་དང་གཞིས་རྩེའི་རིམས་འགོག་ཐད་ཀྱི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-15



ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 

 

【2022】ཨང་14པ།


      དམིགས་བསལ་དུས་སྐབས་ཀྱི་དམིགས་བསལ་རླངས་འཁོར་རྒྱུན་གཏན་བཞིན་འགྲོ་སྐྱོད་ཐུབ་པ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་དུས་མཚུངས་སུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།


      ལྷ་ས་གྲོང་ཁྱེར་ནང་ཁུལ་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་དངོས་ཟོག་དང་། སྨན་བཅོས་བེད་མེད་བརྒྱུད་འདྲེན་བྱེད་པའི་རླངས་འཁོར། ཉེ་འབྲེལ་དང་བརྒྱུད་འབྲེལ་མི་སྣ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར། འཚོ་བའི་གད་སྙིགས་བརྒྱུད་འདྲེན་དང་དེ་བཞིན་ཆུ་དང་གློག་དྲ། རླངས་མྱུར་བཅོས་རླངས་འཁོར་བཅས་ལ་གྲོང་ཁྱེར་གྱི་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་འཁོར་རིགས་ཀྱི་ཆེད་སྤྱོད་ལམ་ཡིག(གནས་སྐབས་བེད་སྤྱོད)གཅིག་གྱུར་ཐོག་སྤྲོད་རྒྱུ་ཡིན། འབྲེལ་ཡོད་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱིས་སྡེ་ཚན་གྱི་དཔང་ཡིག(གཞུང་ཐམ་བརྒྱབ་པ)སྤྲད་དེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལྷོ་སྒོའི་སྒོ་ཁར་འགྲོ་ལུགས་གཉེར་དུ་བསྐྱོད་ཆོག


      གསལ་འགྲེལ། ཆེད་སྤྱོད་འཁོར་རིགས་ཀྱི་འགྲོ་སྐྱོད་ལམ་ཡིག་དེ་གཞུང་དོན་རླངས་འཁོར་ཁོ་ན་ལས་མི་སྒེར་གྱི་རླངས་འཁོར་ལ་སྤྱོད་མི་ཆོག་པ་དང་། སྤྱི་ལོ་2022ལོའི་ཟླ་8ཚེས་12ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ནས་ཟླ་8ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་3པའི་བར་སྤྱོད་གོ་ཆོད་རྒྱུ།


གཞིས་རྩེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་ཡམས་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་བསྒྲགས། 


 རྒྱ་ཆེའི་གྲོང་མི་དང་འགྲུལ་པ་རྣམས་ལ་ཞུ་དོན།


      མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནས་བབ་ཧ་ཅང་ཛ་དྲག་པ་དང་། གནས་མང་པོར་གློ་བུར་དུ་ནད་ཡམས་ཐོན་ཁར། འཕར་ཚད་མགྱོགས་ལ་འགོས་ཁྱབ་འགྲོ་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཤེས་ཚོར་མེད་པའི་ངང་འགོ་ཁྱབ་འགྲོ་བར་སྔོན་འགོག་སྔར་བས་བྱ་ཆེད་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོར་འགྲོ་སྐྱོད་འགོག་པའི་དུས་ཚོད་དེ་སྤྱི་ལོ་2022ལོའི་ཟླ་8ཚེས་21ཉིན་གྱི་ཆུ་ཚོད་13བར་རིང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་སྐྱོད་ཞབས་ཞུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན། ཛ་དྲག་དམིགས་བསལ་གནས་ཚུལ་བཅས་འགན་ལེན་བྱ་རྒྱུ་ཕུད། གྲོང་ཁྱེར་གྱི་དེ་བྱིངས་ཁྱབ་ཁོངས་ནང་མི་སྣ་འགྲོ་སྐྱོད་ལ་ཚོད་འཛིན་བྱ་རྒྱུ། རྩ་དོན་ཐོག“འཛུལ་དུ་མི་འཇུག་པ་དང་ཕྱིར་མི་གཏོང་བ་”དང་། “ཁྱིམ་ནས་ཕྱིར་ཐོན་མི་ཆོག” འགྲོ་སྐྱོད་འགོག་པའི་འབྲེལ་ཡོད་བླང་བྱ་ལག་ལེན་ནན་པོ་བསྟར་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1