༄༅།།ཆ་བའི་ལུགས་ཀྱི་རྫས་ལྡོག་གི་སྐབས་ཀྱི་ཁྱབ་མཐའ་བཞུགས་སོ།།

ལྷ་རམས་པ་འཇིགས་མེད་རྒྱ་མཚོ རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 08-16


    ༡༽ དོན་བྱེད་ནུས་པའི་སྤྱི་ཡིན་ན།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་སྤྱི་དང་འགལ་བ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།     ༼༢༽ བསྡུས་གྲྭའི་རྩོམ་འཕྲོ་ལས།  འདུས་མ་བྱས་ཀྱི་ཆོས་དང་ལྔ་པོ་ཞེས་པའི་ཆོས་ལྔ་བོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་ལྡོག་བརྒྱད་ཡོད་པས་དེ་བརྒྱད་པོ་རེ་རེ་ལ་མཚན་མཚོན་གཉིས་ཡོད་པའི་ཕྱིར།     ༼༣༽ ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན།  ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།     ༼༤༽ རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་ལྡོག་ཆོས་དང་བོ་གསུམ་པོ་གང་རུང་ཡིན་ན།  ཁྱོད་དང་འགལ་མི་འགལ་གཉིས་ལ་རྫས་ལྡོག་བརྒྱད་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་པོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར།   ༼༥༽ ཁྱོད་དང་འགལ་མི་འགལ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།     ༼༦༽ འགལ་བའི་སྤྱི་དང་མི་འགལ་བའི་སྤྱི་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།       ༼༧༽རྟག་པ་དང་ཐ་དད་དང་།  དངོས་པོ་དང་ཐ་དད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་པོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།     ༼༨༽མཚན་ཉིད་དང་ཐ་དད་དང་།  མཚོན་བྱ་དང་ཐ་དད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༩༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན་ཁྱོད་མ་ཡིན་པ་ཡོད་པའི་ལྡོག་ཆོས་དང་བོ་གསུམ་པོ་གང་རུང་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་ལྡོག་ཆོས་དང་བོ་གསུམ་ཡོད་པའི་ཕྱིར།   ༼༡༠༽རྩ་ཚིག་ལས།  མཚོན་བྱ་བཏགས་ཡོད་གཉིས་ཀ་མེད།།ཅེས་པའི་མཚོན་བྱ་དང་བུམ་པའི་སྤྱི་དང་འགལ་བ་དང་འགལ་བ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༡༡༽བྱེ་བྲག་ཡིན་ན།  ཁྱོད་ཀྱི་སྤྱི་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༡༢༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་མཐུན་བཞི་བོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར།    ༼༡༣༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༡༤༽རྩ་ཚིག་ལས།  ཉེ་དང་བཅས་ལ་སྤྱི་ཡིས་ཁྱབ།།ཅེས་པའི་རྫས་ལྡོག་རེ་རེའི་བྱེ་བྲག་ལ་ཚོར་བ་བཅྭོ་བརྒྱད་ཡོད་པའི་ཕྱིར།    ༼༡༥༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༡༦༽འགལ་བའི་སྤྱི་དང་འགལ་བ་དང་མི་འགལ་བའི་སྤྱི་དང་འགལ་བ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༡༧༽རྫས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དང་བོ་གསུམ་ཚང་བ་དང་།  ལྡོག་ཆོས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་འགལ་བ་དང་མི་འགལ་བ་གཉིས་ཡོད་པའི་ཕྱིར།   ༼༡༨༽རྟག་པའི་སྤྱིའི་བྱེ་བྲག་དང་དངོས་པོའི་སྤྱིའི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༡༩༽མ་ཡིན་པ་དང་ཤེས་པ་གཉིས་ཀ་ཡིན་ན་ཤེས་པ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༢༠༽ཁྱོད་དང་འགལ་བ་ཁྱོད་དང་མི་འགལ་བ་དང་།  ཁྱོད་དང་མི་འགལ་བ་ཁྱོད་དང་འགལ་བ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༢༡༽ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན་ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན་ན།  ཁྱོད་ལ་རྫས་ལྡོག་བརྒྱད་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༢༢༽མཚན་མཚོན་གཉིས་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན།  རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་རེ་རེ་ལ་བསྡུས་ཚན་བཅུ་གསུམ་ཡོད་པའི་ཕྱིར།   ༼༢༣༽རྟག་པའི་སྤྱི་དང་འགལ་བ་དང་།  རྟག་པ་དང་འགལ་བ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༢༤༽རང་གི་གཞལ་བྱ་དངོས་པོར་རྟོགས་པའི་བློ་དང་།  རང་གི་གཞལ་བྱ་དངོས་མེད་དུ་རྟོགས་པའི་བློ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༢༥༽དབྱིབས་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་མཐུན་བཞི་བོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༢༦༽རྫས་མཐུན་བཞི་བོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་ལྡོག་ཆོས་དང་བོ་གསུམ་ཡོད་པའི་ཕྱིར།    ༼༢༧༽རྫས་མཐུན་བཞི་བོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་མཐུན་གྱི་རྫས་མཐུན་བཞི་ཡོད་པའི་ཕྱིར།    ༼༢༨༽མཚན་ཉིད་དང་ཡིན་ཁྱབ་མཉམ་ཡིན་ན། མཚོན་བྱ་དང་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོགས་བརྒྱད་ཡོད་པའི་ཕྱིར།    ༼༢༩༽བུམ་པའི་སྤྱི་དང་འགལ་བ་དང་།  ཀ་བའི་སྤྱི་དང་འགལ་བ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༣༠༽བུམ་པ་དང་འགལ་བའི་བྱེ་བྲག་དང་ཀ་བ་དང་འགལ་བའི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༣༡༽ཆོས་དེའི་འབྲས་བུ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༣༢༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པས་རྫས་མཐུན་གྱི་རྫས་མཐུན་བཞི་ཡོད་པའི་ཕྱིར།      ༼༣༣༽ཁྱོད་གཞན་རིག་གི་ཤེས་པ་ཡིན་ན།  ཁྱོད་དངོས་སུ་རྟོགས་པའི་མངོན་སུམ་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༣༤༽ཁྱོད་ཀྱི་མཚན་མཚོན་གང་རུང་ཡིན་ན་ཁྱོད་ཡིན་པས་ཁྱབ་ན།  ཁྱོད་མཚན་མཚོན་གང་རུང་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༣༥༽རང་གི་རྣམ་པ་ཤར་བའི་དབང་ཤེས་ཀྱི་སྣང་ཡུལ་ཏུ་གྱུར་པའི་གཞལ་བྱ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༣༦༽རྫས་ཆོས་དང་ཁྱོད་ལ་མུ་བཞི་ཡོད་ན།  རང་ཉིད་ལྡོག་ཆོས་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༣༧༽ཁྱོད་ཀྱི་ལྡོག་པ་ཁྱོད་དང་ཁྱོད་དང་ཐ་དད་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༣༨༽མཚན་ཉིད་ཀྱི་སྤྱིའི་བྱེ་བྲག་དང་མཚོན་བྱའི་སྤྱིའི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༣༩༽ཁྱོད་བུམ་པའི་སྤྱི་ཡིན་ཁྱོད་ཡིན་ན་བུམ་པའི་སྤྱི་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༤༠༽ཁྱོད་ཡིན་ན་དངོས་པོ་ཡིན་པས་ཁྱབ།  ཁྱོད་མ་ཡིན་ན་རྟག་པ་ཡིན་པས་ཁྱབ་ན།  ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༤༡༽རྟག་པ་དང་འགལ་བ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༤༢༽ཆ་བའི་ལུགས་ལ་དངོས་པོ་དང་མདོ་སྡེ་བའི་ལུགས་ལ་དངོས་པོ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༤༣༽མདོ་སྡེ་བའི་ལུགས་ལ་མེད་པ་ཡིན་ན།  ཆ་བའི་ལུགས་ལ་ཤེས་བྱ་ཁྱོད་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར། ༼༤༤༽ཁྱོད་བྱེ་བྲག་ཡིན་ན།  ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་ཁྱོད་ཀྱི་སྤྱི་གང་རུང་ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༤༥༽བུམ་པ་ཁྱོད་ཀྱི་ལྡོག་པ་དང་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༤༦༽བྱེ་བྲག་སྨྲ་བའི་ལུགས་ལ་ཡོད་པ་དང་དངོས་པོ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།     ༼༤༧༽རི་བོང་རྭའི་ལྡོག་པ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༤༨༽བུམ་པའི་བྱེ་བྲག་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༤༩༽ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་རྫས་ཆོས་དང་མི་འགལ་བ་ཡིན་ན།  ཁྱོད་རང་ཉིད་ལྡོག་ཆོས་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༥༠༽མཚན་ཉིད་དང་ཁྱོད་ལ་མུ་བཞི་ཡོད་ན་མཚོན་བྱ་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་པོ་རེ་རེ་ལ་རང་རིག་དང་གཞན་རིག་གི་ཤེས་པ་གཉིས་ཡོད་པའི་ཕྱིར།  ༼༥༡༽དངོས་པོ་དང་བདག་གཅིག་འབྲེལ་ཡིན་ན་རྟག་པ་དང་བདག་གཅིག་འབྲེལ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༥༢༽གཞི་གྲུབ་ན་ཁྱོད་མ་ཡིན་པས་ཁྱབ་ན།  ཁྱོད་ཡིན་ན་གང་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་འགལ་མི་འགལ་གཉིས་པོ་རེ་རེ་ལ་སེམས་བྱུང་རྫས་ཡོད་ཉེར་གཉིས་ཡོད་པའི་ཕྱིར། ༼༥༣༽བདག་མེད་ཡིན་ན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཡིན་པ་སྲིད་པ་དང་ཡིན་པ་མི་སྲིད་པའི་ཤེས་བྱའི་ངོ་བོར་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༥༤༽ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན་ཁྱོད་དང་མི་འགལ་བ་ཡིན་པས་ཁྱབ་ན།  ཁྱོད་མ་ཡིན་པ་ལས་ལོག་པ་དང་མི་འགལ་བ་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རེག་བྱ་བཅྭོ་ལྔ་ཡོད་པའི་ཕྱིར།   ༼༥༥༽ཚད་མས་མི་དམིགས་པ་དང་ཡིན་ཁྱབ་མཉམ་ཡིན་ན།  ཐ་དད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༥༦༽རྟག་པར་རྟོགས་པའི་ཚད་མ་ཁྱོད་མ་ཡིན་ན་ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་པོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར།   ༼༥༧༽བུམ་པ་ཁྱོད་ཀྱི་ལྡོག་པ་དང་ཀ་བ་ཁྱོད་ཀྱི་ལྡོག་པ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།  ༼༥༨༽ཁྱོད་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དང་།  ཁྱོད་རྟག་པར་རྟོགས་པའི་ཚད་མ་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༥༩༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་དང་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།   ༼༦༠༽རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན་བུམ་པ་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་པོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།    ༼༦༡༽རྣམ་མཁྱེན་གྱི་སྤྱི་དང་བྱེ་བྲག་གཉིས་ཀ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན།  བུམ་པའི་སྤྱི་དང་བྱེ་བྲག་གཉིས་ཀ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཡོད་པའི་ཕྱིར།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1