ལྷ་སའི་གྲོང་ཁུལ་གཙོ་བོར་དྲ་མིག་ཏུ་བགོས་ནས་དུག་སེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-17


 

 

 ཟླ8པའི་ཚེས13ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས་ཐེངས12པར་གཞིགས་ནས། ཟླ8པའི་ཚེས12ཉིན་གྱི་ཐོ་རེངས་ཆུ་ཚོད3ནས་ཟླ8པའི་ཚེས15ཉིན་གྱི་ཐོ་རེངས་ཆུ་ཚོད3པའི་བར། ལྷ་སའི་གྲོང་ཁུལ་གཙོ་བོར་སྡེ་ཁུལ་དྲ་མིག་གཞི་རྩའི་ཚན་པར་བྱས་ནས་དུག་སེལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་དུ་བརྡ་ལན་ཞུས་ཏེ། སྤྱི་ཚོགས་ངོས་ཀྱི་རིམས་ནད་འགོག་སྡོམ་གྱི་དགོས་མཁོར་གཞིགས་པ་དང་། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁུལ་དུ་དུག་སེལ་བྱེད་པའི་འཕྲལ་བསྟུན་རུ་ཁག་མགྱོགས་མྱུར་ངང་བཙུགས་ཏེ། མེ་གསོད་རླངས་འཁོར30ལྷག་དང་བཀོད་འཐབ་པ146མངགས་ནས། ལྷ་སའི་གྲོང་ཁུལ་གཙོ་བོར་དྲ་མིག་ཏུ་བགོས་ནས་དུག་སེལ་ཐོག་མ་བྱས་པ་རེད།

 


 ཐེངས་འདིའི་དུག་སེལ་ལས་དོན་ཁྲོད། ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བཀོད་འདོམས་མ་ལག་དང་དུག་སེལ་གོ་རིམ། བྱ་སྤྱོད་སྒྲིག་ལུགས། མི་སྣའི་འགོག་སྲུང་། འཕྲལ་བསྟུན་གྲ་སྒྲིག་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་སྡོམ་གྱི་དུག་སེལ་ལས་དོན་ལེགས་པོར་སྒྲུབ་པ་རེད།

 

 



 ཤེས་གསལ་ལྟར་ན། ཐེངས་འདིའི་དུག་སེལ་ཁྲོད་ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་ཆུ་མདའ་སོགས་སྤྱད་ནས་ལས་ཆོད་ཆེ་རུ་བཏང་། བསྡོམས་པས་ལྷ་སའི་གྲོང་ཁུལ་གཙོ་བོའི་ཁྲོམ་གཞུང8དང་དེའི་ཉེ་འཁོར་གྱི་རྫོང་དང་ཆུས་སུ་དུག་སེལ་ལས་དོན་སྤེལ་བ་དང་། དུག་སེལ་ཚན་ཆུང་ཁག་གིས་བསྡོམས་པས་དུག་སེལ་སྨན་རྫས་སྒམ200དང་དུག་སེལ་ཆུ་རྫས་ཏུན1226གཏོར་བ། དུག་སེལ་ལམ་ཐག་སྤྱི་ལེ619.2ཟིན་ཡོད། ། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1