དར་མདོ་གྲོང་ཁྱེར་གྱི་རིམས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-17


  

        སྤྱི་ཟླ8པའི་ཚེས14ཉིན་ལ། དར་མདོ་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ལས་དོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་ཏེ། ད་སྔའི་རིམས་ཚུལ་འགོག་ཟོན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སྤྲད་པ་རེད། 

        སྤྱི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད0པ་ནས24བར། དར་མདོ་གྲོང་ཁྱེར་ལ་ཏོག་གསར་གློ་ཚད་ཀྱི་ནད་པ1གསར་དུ་འཕར་ཡོད་ཅིང་། ཞིང་ཆེན་གཞན་དག་ནས་རང་ཁུལ་དུ་ཡུལ་སྐོར་བྱེད་མཁན་ཡིན་པ་རེད། ད་ལྟ་ཕྱིར་འབྲེལ་མེད་པར་དམིགས་འཛུགས་སྨན་ཁང་དུ་གཅིག་སྡུད་ལོགས་བཀར་བྱས་ནས་སྨན་བཅོས་བྱེད་བཞིན་ཡོད།

        རིམས་ཚུལ་བྱུང་རྗེས་དར་མདོ་གྲོང་ཁྱེར་གྱིས་དེ་མ་ཐག་འཚུབ་བསྟུན་བརྡ་ལེན་ནང་སྲོལ་ལག་ལེན་བསྟར་ནས་དེ་མུར་ཚགས་བཤེར་དོ་དམ་དང་ནད་པ་སྲོག་སྐྱོབ་བྱས་ཡོད། སྤྱི་ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད22བར་ཁུལ་ནང་དུ་ནད་པ་དང་ཉེ་སར་བཅར་ཡོད་མཁན་མི79དང་ཉེ་སར་བཅར་ཡོད་མཁན་དང་ཉེ་སར་ཐུག་མཁན་མི132ལ་ཚགས་བཤེར་བྱས་ཡོད། ཁུལ་ནང་གི་ནད་པ་དང་ཉེ་སར་བཅར་ཡོད་མཁན་དང་ཉེ་སར་བཅར་ཡོད་མཁན་དང་ཉེ་སར་ཐུག་མཁན་ཚང་མ་ལ་ཉིང་སྐྱུར་ཐེངས་གཉིས་བྱས་པའི་མཇུག་འབྲས་ནི་ནད་དུག་མེད་པ་ཡིན་པ་རེད།

        གྲོང་མི་དང་འགྲུལ་བ་རྒྱ་ཆེན་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད། དར་མདོ་གྲོང་ཁྱེར་གྱིས་གྲོང་མཐིལ་དང་ར་རྔ་ཁ་གྲོང་རྡལ་དུ་ཚགས་བཤེར་གཞི་ཁྱོན་ཆེ་བ་ཐེངས་གཉིས་བྱས་ཡོད། ཐེངས་དང་པོར་ཉིང་སྐྱུར་དཔེ་བཤེར་ཁྲི6.5ལྷག་བྱས་པའི་མཇུག་འབྲས་ནི་ནད་དུག་མེད་པ་ཡིན་ཞིང་། ཐེངས་གཉིས་པའི་མཇུག་འབྲས་ད་དུང་ཐོན་མེད།

        དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མིར་དྲན་སྐུལ་བྱ་རྒྱུ་ལ། འགོག་སྲུང་འདུ་ཤེས་ཆེ་རུ་གཏོང་བ་དང་། ཁ་ཤུབས་རྒྱག་ཅིང་ལག་པ་རྒྱུན་དུ་བཀྲུ་བ། བར་ཐག་སྨི་གཅིག་འཇོག་པ། རྒྱུན་དུ་རླུང་ཁམས་ཡངས་པོར་བཟོ་བ་དང་། འདུ་འཛོམས་མི་བྱེད་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་ཏེ་རང་ཉིད་བདེ་ཐང་གི་འགན་འཁྲི་མི་སྣ་དང་པོ་ཡག་པོ་བྱ་དགོས། ཚ་བ་རྒྱག་པ་དང་ལུ་སོབ་ལུ་བ་སོགས་མི་བདེ་བའི་ནད་རྟགས་བྱུང་ན་དེ་མ་ཐག་ཐག་ཉེ་སའི་སྨན་ཁང་དུ་ལྟ་སར་འགྲོ་དགོས། འགྲོ་དུས་ལམ་ཐག་ཧྲིལ་པོར་ཁ་ཤུབས་བརྒྱག་དགོས་ལ་སྤྱི་འགྲུལ་རླངས་འཁོར་དུ་བསྡད་རྒྱུ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1