རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ནས་འོད་སྟོང་གསར་པ་གཏོད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-19



 

   ལོ་བཅུའི་རིང་། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་པ་དང་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་གསར་འབྱེད་ཧུར་ཐག་བྱས་ནས་འཕེལ་རྒྱས་གཏོང་ཁྱོན་སྔར་བས་རྒྱ་སྐྱེད་དང་སྣུར་སྲིང་བྱས་པ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ཕན་འབྲས་ཐོན་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་སི་ཁྲོན་གྱི་འཐབ་ཇུས་གནས་བབ་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མྱུར་བགྲོད་ལྕགས་ལམ་གཙོ་བོར་བྱས་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། འགྲིམ་འགྲུལ་སྟོབས་ཆེན་ཞིང་ཆེན་གྱི་དུས་མཚམས་གསར་པར་ཕྱོགས་ཡོངས་ནས་བསྐྱོད་པ། ཏོག་གསར་གློ་ཚད་རིམས་ནད་དང་རང་བྱུང་གནོད་འཚེ་ཚབས་ཆེན་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱས་པས་ཞིང་ཆེན་ཡོངས་ཀྱི་སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

   སི་ཁྲོན་གྱིས་ཐབས་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་བྱས་ནས་ཆུ་ཚད་མཐོ་བའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ལ་ཕྱོགས་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ། དུས་རབས་གསར་པའི་རིག་གནས་སྟོབས་ཆེན་ཞིང་ཆེན་སྐྲུན་མགྱོགས་སུ་གཏོང་བ། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་གཏོང་བ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས།

   སི་ཁྲོན་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་དཀའ་ངལ་ཁྱད་བསད་ཀྱི་བསམ་བློའི་འཁྱེར་སོར་བརྟེན་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཁྲོད་སི་ཁྲོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། འོད་སྟོང་གསར་པ་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཐུབ་པ་མ་ཟད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1