ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་ཚོ་རིམ་པའི་རྩ་འཛུགས་ལས་དོན་དང་། ལམ་སྲོལ་བྱང་བུ། ངོ་སྤྲོད་དོན་གནད་བཅས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-25



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཚོ་རིམ་པའི་རྩ་འཛུགས་ལས་དོན་དང་། ལམ་སྲོལ་བྱང་བུ། ངོ་སྤྲོད་དོན་གནད་བཅས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

     《གྲོང་ཚོ་རིམ་པའི་རྩ་འཛུགས་ལས་དོན་དང་། ལམ་སྲོལ་བྱང་བུ། ངོ་སྤྲོད་དོན་གནད་བཅས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་ནང་དོན་བདམས་སྒྲིག་བྱས་པ་གཤམ་གསལ་ཏེ།

     གྲོང་ཚོ་རིམ་པའི་རྩ་འཛུགས་ནང་གྲོང་ཚོའི་ཏང་རྩ་འཛུགས་དང་། གྲོང་མིའི་རང་སྐྱོང་རྩ་འཛུགས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། གྲོང་དོན་ལྟ་སྐུལ་རྩ་འཛུགས། གྲོང་ཚོ་རིམ་པའི་དཔལ་འབྱོར་དང་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཚུད་ཡོད་པས་དེ་ནི་ཏང་དང་སྲིད་གཞུང་གིས་གྲོང་མི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་ལ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་འགན་འཁུར་བའི་ལས་དོན་དང་། བཟོས་པའི་ལས་ཀའི་ལམ་སྲོལ། བཀལ་བའི་སྒོ་བྱང་། བྲིས་པའི་ངོ་སྤྲོད་དང་དོན་གནད་བཅས་ཚད་ལྡན་བཟོ་རྒྱུའི་ཐད་ད་ལྟ་གཤམ་གསལ་བསམ་འཆར་འདོན་རྒྱུ་ཡིན།

     བསམ་འཆར་ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་དང་གྲོང་ཚོའི་ལས་བྱེད་པའི་ཁུར་པོ་ཡང་དུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ། ཏང་སྲིད་སྒྲིག་གཞི་དང་མང་ཚོགས་ཚོགས་པའི་རྩ་འཛུགས(གཤམ་དུ་ཏང་སྲིད་མང་ཚོགས་སྒྲིག་གཞི་ཞེས་བསྡུ་རྒྱུ)ཀྱི་ལས་ཀའི་བསམ་ཕྱོགས་དང་སྤྱོད་ཚུལ་དངོས་སྒྲུབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་འགན་ལེན་དུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་གྲུབ་འབྲས་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་དང་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་གཉིས་ཡས་མས་ཀྱི་དུས་ཚོད་ནང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་འགན་འཁུར་བའི་ལས་དོན་གྱི་འགན་དབང་ཁ་གསལ་དང་། ལས་ཀའི་ལམ་སྲོལ་བཟོས་པ་ཁུ་བསྡུ་དང་ནུས་ཆེ། སྒོ་བྱང་བཀལ་བ་ཁ་གསལ་གོ་བདེ། ངོ་སྤྲོད་བྲིས་པ་སྒྲིག་སྲོལ་དང་མཐུན་ཞིང་དམངས་སྟབས་བདེ་བ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་དང་གྲོང་ཚོའི་ལས་བྱེད་པ་རྣམས་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་སྔར་བས་ཐར་བ་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་སྔར་ལས་བརྟན་པ་ཞིག་མཁོ་འདོན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1