བོད་ལྗོངས་ལ་འབྲུ་སྣུམ་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་འདང་ངེས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-29


 

      ཚེས་25ཉིན་གྱི་ཕྱི་དྲོ། གསར་འགོད་པར་ལྷ་ས་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་དང་ལྗོངས་གེགས་སེལ་དངོས་ཟོག་གསོག་འཇོག་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། མིག་སྔར། རང་ལྗོངས་ཀྱི་འབྲུ་སྣུམ་དང་འཕྲལ་སྡོམ་དངོས་ཟོག་རིམ་བཞིའི་མཛོད་ཉར་འདང་ངེས་ཡོད་པ་དང་། སྣ་ཁ་འཛོམས་པ། མཁོ་སྤྲོད་ཀྱི་འབྲེལ་ཐག་ཤར་གཏོང་ཐུབ་པ་བཅས་ཡོད་ཅིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་འབྲུ་སྣུམ་མཁོ་སྤྲོད་ཀྱི་དགོས་མཁོ་དང་འཕྲལ་སྡོམ་དངོས་ཟོག་འགན་ལེན་གྱི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

    རིམས་ནད་ཐོན་རྗེས། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་འབྲུ་རིགས་གསོག་འཇོག་སྡེ་ཚན་གྱིས་བཀའ་བཞིན་དུ་བྱ་སྤྱོད་སྤེལ་ནས། འབྲུ་སྣུམ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད་པ་སྟེ། མཁོ་སྤྲོད་འགན་ལེན་གྱི་སྐས་རིམ་ལྟ་བུའི་རུ་ཁག་བཙུགས་ནས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འབྲུ་སྣུམ་མཁོ་སྤྲོད་ཆད་མེད་དང་ཟམ་མི་ཆད་པར་འགན་ལེན་བྱེད་ཡོད། དྲ་ཐོག་ནས་མངག་ཉོ་དང་ཡུལ་དངོས་ནས་སྡེབ་སྐྱེལ་བྱེད་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྡེབ་སྐྱེལ་ཤར་བགྲོད་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། མང་ཚོགས་“ཕྱིར་མི་ཐོན་པ”ལ་འབྲུ་སྣུམ་བདེ་འཇགས་འཛད་སྤྱོད་ཐུབ་རྒྱུའི་འགན་ལེན་བྱེད་པ། ལྗོངས་ཕྱིའི་འབྲུ་རིགས་འབྱུང་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལྗོངས་ཕྱིའི་མཉམ་ལས་ཁེ་ལས་དང་སྔ་བསྣུར་དུ་གྲོས་མཐུན་དང་། འབྲུ་རིགས། སྐྱེལ་འདྲེན་བཅས་ཀྱི་ལས་དོན་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་མཁོ་སྤྲོད་འགན་ལེན་ལས་དོན་ལ་རྒྱུན་མི་ཆད་པར་འབྲུ་རིགས་ཡོང་ཁུངས་ཀྱི་འགན་སྲུང་མཁོ་འདོན་བྱེད་ཡོད། ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བར་སྐུལ་འདེད་དང་། རྩམ་པ་ལས་སྣོན་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚོང་རའི་མཁོ་འདོན་བྱེད་ཚད་མང་དུ་གཏོང་བར་ཁྲིད་སྟོན་བྱེད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རིམས་ནད་ཐོན་པ་ནས་བཟུང་ལྗོངས་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཀྱི་རིགས་ཁག་གི་འབྲུ་རིགས་གཉེར་སྐྱོང་ཁེ་ལས་ཀྱིས་འབྲུ་རིགས་ཏུན་ཁྲི་1.2ཙམ་ཉོ་སྒྲུབ་བྱས་པ་དང་། རིམ་རྩིས་བྱས་ན་འབྲུ་སྣུམ་ཏུན་ཁྲི་2.78བཙོངས་ནས་མང་ཚོགས་ཀྱི“བཟའ་འབྲུའི”མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད་པ་རེད། 

  

    “མཁོ་དགོས་ཡོད་ཚེ་ངེས་པར་དུ་སྒྲུབ་པ་དང་། དམིགས་བསལ་གནས་ཚུལ་དམིགས་བསལ་གྱིས་སྒྲུབ་པ། རིམ་པ་དབྱེ་ནས་སྤྱོད་པ། ཉེ་སར་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། ལྗོངས་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་ཀྱིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་གུར་དང་། ལྟེབ་བརྩེགས་ཉལ་ཁྲི། བརླན་འགོག་གདན་སོགས་འཕྲལ་སྡོམ་དངོས་ཟོག་ཛ་དྲག་ངང་སྤྲད་ནས་འབྲེལ་ཡོད་ཕྱོགས་ཀྱི་ཉིང་སྐྱུར་བརྟག་དཔྱད། ལས་བྱེད་པ་གཤམ་དུ་གཏོང་བ། མང་ཚོགས་བཀོད་སྒྲིག་བྱེད་པ། ལོགས་སུ་འགོག་སྲུང་། སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་སྒྱུར་བཀོད་སོགས་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1