ལི་ཁེ་ཆང་གིས་སྤྱི་ལོ་2022ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-30



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་27ཉིན་སྤྱི་ལོ་2022ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།

        ལི་ཁེ་ཆང་གིས། ཐཱན་ཉུང་གོང་འཕེལ་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་ལྗང་མདོག་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་དང་། གསར་གཏོད་ནི་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན། རྒྱལ་ཁབ་ཁག་གིས་ཚན་རིག་གི་སྙིང་སྟོབས་དང་དངོས་གཉེར་གྱི་རྣམ་འགྱུར་འཛིན་ནས་སྒོ་དབྱེ་མཉམ་ལས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག བརྟན་ལ་གོ་རིམ་ལྡན་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ནུས་རྒྱུའི་འཛད་སྤྱོད་དང་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། གོང་འཕེལ་དོན་གཉེར་དང་ལྗང་མདོག་གཞན་སྒྱུར་གཉིས་འགལ་མེད་མཉམ་གནས་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་ཐཱན་ཉུང་དང་སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པར་དཀའ་སྤྱད་འབད་བརྩོན་བྱེད་དགོས། ང་ཚོས་རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ་དང་།སྔོན་ལ་གཏན་འཇགས་ཀྱི་མ་དཔེ་རྙིང་པ་གཏོར་བ་དང་དེ་རྗེས་གསར་གཏོད་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏོང་བ།ནུས་རྒྱུའི་མཁོ་སྤྲོད་འགན་ལེན་བྱེད་པ།ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བ་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།

        ལི་ཁེ་ཆང་གིས། སྒོ་དབྱེས་ཡར་རྒྱས་གཏོང་བ་དང་།གོང་འཕེལ་ལ་སྐུལ་འདེད།གསར་གཏོད་ལ་སྐུལ་སྤེལ་བཅས་བྱུང་ཡོད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཐུབ་པ་་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1