སི་ཁྲོན་གྱི་གློག་དཀོན་པའི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-30


        འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དྲོད་ཚད་ཆག་པ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོར་ཆར་པ་བབས་པས་སི་ཁྲོན་ཞིང་ཆེན་གྱི་གློག་དཀོན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་པ་རེད། ཚེས་28ཉིན་གྱི་ཆུ་ཚོད་12བར། སི་ཁྲོན་ཞིང་ཆེན་གྱི་སྤྱིར་བཏང་བཟོ་ཚོང་ལས་རིགས་སུ་གློག་སྤྱོད་རྒྱུ་སླར་གསོ་ཐུབ་ཡོད། ནུས་རྒྱུ་ཟད་གྲོན་ཆེ་བའི་ཁེ་ལས་ཕུད་གློག་མང་པོ་སྤྱོད་པའི་བཟོ་ལས་ལ་གློག་སྤྱོད་རྒྱུ་ཡང་རིམ་བཞིན་སླར་གསོ་ཐུབ་བཞིན་ཡོད་པ་རེད། རྗེས་མཐུད་ཀྱི་ཆུ་དང་གློག་མུ་མཐུད་ལེགས་སུ་ཕྱིན་རྗེས་གློག་མང་པོ་སྤྱོད་པའི་བཟོ་ལས་ཚང་མར་རྒྱུན་གཏན་གྱི་གློག་སྤྱོད་རྒྱུ་སླར་གསོ་ཐུབ་རྒྱུ་རེད།

        དྲོད་ཚད་ཆག་པ་དང་ཆབས་ཅིག་དྲོད་ཚད་སྙོམས་ཆས་ཀྱི་ཁུར་པོ་ཡང་དུ་ཕྱིན་ཡོད། དེས་ན། སྤྱིའི་ཆ་ནས་བལྟས་ཚེ་སི་ཁྲོན་གྱི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཉེ་དུས་རྩ་བའི་ཆ་ནས་ཐག་གཅོད་ཐུབ་རྒྱུ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ཚེས་28ཉིན་སི་ཁྲོན་གྱི་ཆུ་གློག་ནས་ཉིན་མོའི་གློག་གཏོང་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་4.6ཟིན་པ་དེ་དེ་གོང་གི་ཚད་གཞི་དམའ་ཤོས་ལས་9.5%འཕར་ཡོད་པ་རེད། ཆར་པ་འབབ་ཚད་ཉུང་བ་སོགས་ཀྱི་རྐྱེན་པས་དུས་ཚོད་གང་ཙམ་སོང་རྗེས་གཞི་ནས་གློག་སྤྱོད་རྒྱུ་སླར་གསོ་ཡོང་ཐུབ། དེང་སྐབས་སི་ཁྲོན་གྱི་ཆུ་གློག་གི་གློག་གཏོང་ནུས་ད་དུང་ཅུང་དམའ་བའི་ཆུ་ཚད་དུ་གནས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1