སྐབས་92པའི་རྒྱལ་ཡོངས་ཀྱི་ཀ་ར་དང་ཆང་རིགས་ཐོན་རྫས་ཀྱི་ཉོ་ཚོང་འགྲེམ་ཚོགས་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


           སྤྱི་ཟླ་3པའི་ཚེས་26ཉིན་ནས་ཚེས་28ཉིན་གྱི་བར། སྐབས་92པའི་རྒྱལ་ཡོངས་ཀྱི་ཀ་ར་དང་ཆང་རིགས་ཐོན་རྫས་ཀྱི་ཉོ་ཚོང་འགྲེམ་ཚོགས་ཁྲེན་ཏུའུ་རུ་འཚོགས་ཤིང་། ཐེངས་འདིའི་འགྲེམ་ཚོགས་ཀྱི་དུས་ཡུན་ནི་འགྲེམ་ཚོགས་སྔོན་མ་དག་དང་བསྡུར་ན་ཉིན་གསུམ་གྱིས་ཇེ་ཐུང་དུ་བཏང་ཡོད། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་འགྲེམ་ཚོགས་སུ་ཁེ་ལས་3000དང་ཆེད་ལས་ལྟད་མོ་བ་མི་གྲངས་ཁྲི་10ལྷག་ཕེབས་ནས་སོ་སོའི་ཐོན་རྫས་ཉོ་ཚོང་དང་མཉམ་ལས་བགྲོ་གླེང་བྱེད་བཞིན་ཡོད།


            ཐེངས་འདིར་ཆང་དཀར་གྱི་རིགས་དང་རྒུན་འབྲུམ་ཆང་། རྒྱལ་སྤྱིའི་ཆང་རིགས་གྲགས་ཅན། བཟའ་ཆས། བྲོ་རྫས་སོགས་ཀྱི་འགྲེམ་ཚོང་ཁུལ་བཟོས་ཡོད་ཅིང་། ཧྥ་རན་སི་དང་སི་ཕེན། ཨི་ཐ་ལི། ཨ་རི། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ་33གྱི་ཐོན་རྫས་འགྲེམ་ཚོགས་ནང་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1