རྒྱལ་ཡོངས་ཀྱི་སྨན་དོན་པ5000ཙམ་བོད་ལྗོངས་ཀྱི་རིམས་འགོག་ནང་ཞུཊ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-31


 

        སྤྱི་ལོ་2022ལོའི་ཟླ་8ཚེས་28ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉི་ཤུ་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་8ཚེས་27ཉིན་གྱི་ཆུ་ཚོད་0པ་ནས་24པའི་བར། བོད་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བའི་ནད་པ་51དང་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་452གསར་དུ་འཕར་ཡོད། སྤྱི་ཟླ་8ཚེས་28ཉིན་གྱི་ཆུ་ཚོད་0པ་ནས་14པའི་བར། བོད་ལྗོངས་ཡོངས་སུ་རང་སར་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བའི་ནད་པ་9གསར་དུ་འཕར་བ། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་156གསར་དུ་འཕར་ཡོད།  

 


       སྤྱི་ཟླ་8ཚེས་27ཉིན་གྱི་ཆུ་ཚོད་24བར། བོད་ལྗོངས་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་337དང་ཉེན་ཁ་འབྲིང་བའི་ཁུལ་218ཡོད། སྤྱི་ཟླ་8ཚེས་27ཉིན་གསར་དུ་ཐོན་པའི་ནད་པའི་ཁྲོད་སྤྱི་ཚོགས་ཐོག་ཉིང་སྐྱུར་བརྟག་བཤེར་བྱེད་སྐབས་མི་137ཤེས་རྟོགས་བྱུང་བ་དང་། ལོགས་དབྱེ་ལྟ་སྡོམ་ཁུལ་དུ་མི་366ཤེས་རྟོགས་བྱུང་ཡོད། སྤྱི་ཟླ་8ཚེས་27ཉིན་གྱི་ཆུ་ཚོད་24བར་དུ། བོད་ལྗོངས་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་219 དང་། ཉེ་འབྲེལ་བྱུང་བའི་མི་9861ལ་གཅིག་བསྡུས་ལོགས་དབྱེ་ལྟ་ཞིབ་བྱེད་མཚམས་བཞག་པ། མིག་སྔར་མི་62354ལ་གཅིག་བསྡུས་ལོགས་སུ་དབྱེ་ནས་ལྟ་ཞིབ་བྱེད་བཞིན་ཡོད།


 


       མིག་སྔར། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་ལྗོངས་ཀྱིས་གཅིག་གྱུར་འཆར་འགོད་ཧུར་ཐག་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བོད་ལྗོངས་ཀྱི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་དང་རྒྱལ་ཡོངས་ཀྱི་བོད་ལྗོངས་སུ་རོགས་སྐྱོར་བྱེད་པར་ཡོང་མཁན་སྨན་བཅོས་རུ་མི་5000ལྷག་ཙམ་གྱི་ཐུན་མོང་འབད་བརྩོན་འོག རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་བྱེད་པ་དང་རིམ་གྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བཏིང་ཡོད།

        ལྷ་ས་གྲོང་ཁྱེར་གྱིས“འབྲེལ་བ་བཞི་དང་འགན་ལེན་བཞི”ཡི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་དུ་ལས་བྱེད་པ་6142མངགས་གཏོང་བྱས་ནས་དྲ་མིག་ཅན་219ཟབ་ཞུགས་ཀྱིས་སྡེ་ཁུལ་གྱི་ལས་བྱེད་པ་དང་མཉམ་དུ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་ཞིན་ཡོད། དངོས་ཟོག་མཁོ་སྤྲོད་འགན་ལེན་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཅིག་གྱུར་འཆར་འགོད་གྱི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་དགོས་མཁོ་འོག་ནས་གོང་བར་དང་དངོས་ཟོག་གཤམ་དུ་སྤྲོད་པའི་མཁོ་སྤྲོད་འགན་ལེན་ལམ་སྲོལ་བཙུགས་ཡོད། སྔ་རྗེས་སུ་གྲོང་ཁུལ་གཙོ་བོའི་དུག་སེལ་དོ་དམ་ཁྱབ་ཁོངས་ནང་གི་ཁྱིམ་ཚང་ལ“དྲོ་སྐྱིད་ལྡན་པའི་ཚལ་ཐུམ”ཁྲི་27.95སྤྲད་པ་དང་ཁྱོན་ཏུན་1127ཟིན་ཡོད།


 


       མང་ཚོགས་ཀྱི་བསམ་འཆར་མང་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་དང་སློབ་མ་བོད་ལྗོངས་ནས་ཐོན་ཏེ་སློར་གྲྭར་ལོག་པའི་་སྲིད་ཇུས་སོགས་གླེང་མང་བའི་གནད་དོན་ལ་དམིགས་ཏེ། སྤྱི་ཟླ་8ཚེས་7ཉིན་ནས་ཚེས་27ཉིན་བར། ལྷ་ས་གྲོང་ཁྱེར་གྱི་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཐོག་མང་ཚོགས་ཀྱི་རེ་ཞུ་38621བདག་སྤྲོད་བྱས་པ་དང་དྲ་ཐོག་ནས་ཡིག་ཆ་37394གཉེར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1