ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-31



ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། 


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་ལ་གློག་འཕྲིན་བཏང་ནས་ཕ་ཁི་སི་ཐན་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པར་འཚམས་འདྲི་གནང་བ་རེད།

        ཞི་ཅིན་ཕིང་གིས་ཉེ་དུས་ཕ་ཁི་སི་ཐན་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་། རྨས་མ། གནོད་འཚེ་ཕོག་པའི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་རྣམ་པ་ཀུན་དུ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དང་གྲོགས་པོ་བློས་ཐུབ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་དུས་ཡུན་རིང་པོར་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱས་པ་མ་ཟད། རང་བྱུང་གནོད་འཚེ་སོགས་ཀྱི་འགྲན་སློང་ཆེན་པོར་མཉམ་དུ་ཁ་གཏད་བཅག་ཡོད། ད་ཐེངས་ཆུ་ལོག་གི་གནོད་འཚེ་ཐོན་རྗེས་ཀྲུང་གོས་འཕྲལ་མ་ཉིད་དུ་ཕ་ཁི་སི་ཐན་ཕྱོགས་ལ་ཉེ་བར་མཁོ་བའི་རོགས་རམ་མུ་མཐུད་བྱས་ནས་ཕ་ཁི་སི་ཐན་ཕྱོགས་ཀྱིས་གེགས་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་གནོད་འཚེ་ཕོག་ཁུལ་མང་ཚོགས་སྔ་ཙམ་ཆུ་ལོག་གི་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།

        ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་·ཞེ་ལི་ཧྥུར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1