༄༅།།ཁྱིམ་སྡོད་ལས་སྒྲུབ་སྐབས་ཀྱི་མཉམ་འཇོག་དོན་ཚན་འགའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 09-01


        ཁྱིམ་སྡོད་ལས་སྒྲུབ་ཀྱི་སྐབས། ཞོགས་པར་སྔ་མོ་ནས་ལངས་མི་དགོས་པར་མ་ཟད། ད་དུང“གཉིད་ལྷག་མ”ཞིག་ཀྱང་བྱས་ཆོག ཡིན་ནའང་། ཉལ་རྒྱུ་མང་བར་གྱུར་ན། ཉིན་གང་པོའི་དུས་ཚོད་བརླགས་ཀྱང་སླ་བ་ཡིན། དེའི་དབང་གིས། ཁྱིམ་སྡོད་ལས་སྒྲུབ་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཡོད་ཆེད། གཤམ་གྱི་དོན་ཚན་འདི་དག་ལ་མཉམ་འཇོག་བྱེད་རོགས།

 

 གཅིག རྨང་གཞིའི་སྐོར།

 ཀ བྱ་བ་སྒྲུབ་པའི་རྣམ་འགྱུར་ལ་ཁག་ཐེག་བྱེད་པ།

         ཁྱིམ་སྡོད་ལས་སྒྲུབ་བྱེད་སྐབས། དུས་ཚོད་ལྟར་མལ་ལས་ལངས་ནས་ལས་ཚོགས་འཚོགས་པ་དང་གྲོལ་བའི་དུས་ཚོད་ལ་རྩིས་སྲུང་ནན་མོ་བྱས་ཏེ་ལས་ཚོགས་ན་ཡོད་དུས་ཀྱི་རྣམ་འགྱུར་ཡོད་པ་ནང་བཞིན། མི་སྒེར་གྱི་གཙང་སྦྲ་སོགས་ལ་ཁག་ཐེག་བྱ་དགོས།

 

 ཁ བྱ་བའི་དལ་ལྷོད་འཚམ་པོ་བྱས་ཏེ་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ།

         དུས་ཡུན་རིང་པོ་ལ་བྱ་བ་ལས་རྗེས། ལུས་པོ་སྦྱོང་བརྡར་འོས་འཚམ་རེ་བྱས་ན། ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཆེར་གྱུར་ནས་ནད་དུག་འགོ་བའི་ཉེན་ཁ་ཇེ་ཆུང་ལ་གཏོང་ཐུབ། དུས་ཚོད་ལྟར་གཉིད་པ་དང་མཚན་འཁྱོངས་མི་བྱེད་པ། ངལ་གསོའི་དུས་ཚོད་ལ་བཀོད་སྒྲིག་འོས་འཚམ་བྱས་ཏེ་གཉིད་འདང་བ་བཅས་བྱ་དགོས།

 གཉིས། བྱ་བའི་སྐོར།

 ཀ འོས་འཚམ་གྱི་བྱ་བའི་ཇུས་གཞི་བཟོ་བ།

         ཁྱིམ་སྡོད་ལས་སྒྲུབ་ཀྱིས་མི་ཚང་མའི་རང་གཅུན་ནུས་པ་ལ་ཉམས་ཚོད་ལེན་པ་ཡིན། ཁྱིམ་སྡོད་ལས་སྒྲུབ་སྐབས། རང་ཉིད་ཀྱི་བྱ་བའི་ལས་ཕྱོད་ཇེ་མཐོར་གཏོང་འདོད་ན། བྱ་བའི་གལ་ཆེ་ཆུང་དང་བྲེལ་བ་ཡོད་མེད། དཀའ་ཁག་ཆེ་མིན་གྱི་ཚད་རིམ་ལ་གཞིགས་ཏེ་ཇུས་གཞི་བཟོ་བ་དང་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱ་དགོས།

 


 ཁ དྲ་ཐོག་ནས་འབྲེལ་འདྲིས་བྱས་ཏེ་ལས་ཕྱོད་ཇེ་མཐོར་གཏོང་བ།

         དྲ་ཐོག་ལས་སྒྲུབ་ཀྱི་ཐོག་ནས། སྐད་འཕྲིན་དངQQསོགས་སྔ་མོ་ནས་ང་ཚོའི་བྱ་བའི་ནང་དུ་སྤྱོད་བཞིན་ཡོད། ད་དུང་མགོ་ཁྲིད་དང་ལས་གྲོགས་བར་ལ་འབྲེལ་བ་བྱེད་པ་གེགས་མེད་ཡོང་བར་བྱ་དགོས་པ་དང་། གནད་དོན་སོགས་ཡོད་ན། དུས་ཐོག་ཏུ་ཡར་ཞུ་འདྲི་སྟོན་བྱ་དགོས།

 གསུམ། འགོག་སྲུང་གི་སྐོར།

 ཀ རང་ཉིད་ཀྱི་བདེ་ཐང་བརྟག་འཇལ་ལེགས་པོར་སྒྲུབ་པ།

         ཉིང་སྐྱུར་བརྟག་འཇལ་བྱེད་དུས། ངེས་པར་དུ་ཁ་ཐུམ་ཡང་དག་ངང་བརྒྱག་དགོས་པ་དང་། ཕྱིར་ནས་ཁྱིམ་དུ་ལོག་རྗེས། འདག་རྫས་སོགས་སྤྱད་ནས་ལག་པ་གཙང་མར་བཀྲུ་དགོས། དེའི་མི་ཚད། ཉིན་རེ་ལ་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་ལ་ཕྱེ་དགོས་པ་དང་། ཕྱེ་ཐེངས་རེ་ལ་སྐར་མ20ནས30ཡི་བར་དུ་རླུང་རྒྱུ་བར་བྱ་དགོས། གལ་ཏེ། ཚ་རྒྱས་པ་དང་གློ་ལུ་བ། ཤུགས་ཉམས་པ། སྣ་དབང་དང་ལྕེ་དབང་ཉམས་པ་སོགས་ཀྱི་ནད་རྟགས་བྱུང་ན། སྔ་མོ་ནས་སྨན་བཅོས་དང་ཡར་ཞུ་བྱ་དགོས།

 


 ཁ མྱུར་སྐྱེལ་དང་མངགས་ཟས་ལེན་དུས་འདི་ལྟར་བྱེད་པ།

         ནུས་ཚོད་ཀྱིས་གཏན་འཁེལ་ཡིན་པའི་གནས་སུ་ལེན་པ་དང་། མི་གཞན་དང་ཐུག་རེག་མི་འབྱུང་བར་བྱ་དགོས། གལ་ཏེ། སྐྱེལ་མཁན་གྱི་ལག་ནས་ལེན་དགོས་ན། བདེ་འཇགས་བར་ཐག་ཡོད་པར་བྱ་དགོས། དུས་མཚུངས་སུ། རླུང་མི་རྒྱུ་བའི་གནས་སུ་མྱུར་སྐྱེལ་གྱི་ཁ་འབྱེད་པ་ལ་གཡོལ་དགོས།

 བཞི། གསོག་ཉར་གྱི་སྐོར།

 ཀ སྔོ་ཚལ་མང་པོ་གསོག་ཉར་མི་བྱེད་པ།

         པྲོག་དབྱིབས་གློ་ཚད་གསར་བ་ལ་འགོག་ཟོན་བྱེད་ན། འཚོ་བཅུད་དང་སྐྱེ་དངོས་རྫས་འགྱུར་དངོས་པོ་འདུས་པའི་སྔོ་ཚལ་གསར་བ་ཟ་རྒྱུ་ལ་སྐུལ་མ་བྱེད་བཞིན་ཡོད། ཡིན་ནའང་། མང་པོ་ཉར་འཇོག་བྱེད་མི་རུང་། སྔོ་ཚལ་བཞག་ནས་ཡུན་རིང་འགོར་ན། ཟེ་སྐྱུར་ཚྭ་ཕལ་བའི་འདུས་ཚད་ཇེ་མང་ཡིན། གལ་ཏེ། དེ་ཉིད་མང་བོ་ཟོས་ན། བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་ཡིན།

 


 ཁ འཁྱགས་སྒམ་ནང་དུ་དངོས་པོ་བརྫངས་ནས་འཇོག་མི་རུང་བ།

         གལ་ཏེ། འཁྱགས་སྒམ་ནང་དུ་དངོས་པོ་མང་བོ་བརྫངས་ནས་བཞག་ན། བར་སྟོང་ཇེ་ཆུང་དུ་སོང་བ་ལས་གྲང་རྒྱུན་གྱི་འཁོར་རྒྱུག་ལ་ཤན་ཤུགས་ཐེབས་ནས། འཁྱགས་འགྱུར་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། དེར་བཞག་པའི་དངོས་པོ་ཚང་མ་ཡང་རྒྱུན་ལྡན་དང་བསྡུར་ན་རུལ་བརྫད་འབྱུང་བའི་ཚད་ཇེ་མགྱོགས་ཡིན།

 ག བཟའ་བཅའ་ཉོས་ཡོང་རྗེས་གཙང་མར་འཁྲུད་པ།

         མི་མང་པོས་ནད་དུག་ནི་ཟེགས་རྡུལ་བརྒྱུད་ནས་བཟའ་བཅའ་ལ་ཐུག་རེག་བྱུང་རྗེས། ཟ་མའི་ནང་ལ་ཁྱབ་ཡོད་པར་སེམས་ཁུར་བྱེད་བཞིན་ཡོད། ཡིན་ནའང་། དེ་ལ་སེམས་ཁུར་ཆེན་པོ་བྱེད་མི་དགོས། ཉོས་ཡོང་བའི་བཟའ་བཅའ་ཚང་མ་གཙང་མར་བཀྲུས་ན། དེའི་ནང་གི70%ཡས་མས་ཀྱི་ནད་དུག་དང་ཕྲ་སྲིན་ཚང་མ་མེད་པར་གཏོང་ཐུབ།


 

         དེ་ལས་གཞན། ནད་དུག་ནི་ཚ་བ་ལ་སྐྲག་པས། ཟ་མ་སོགས་རྩ་བ་ཉིད་ནས་ཚོས་པར་བྱས་ན། ནད་དུག་རྩ་མེད་དུ་གཏོང་ཐུབ། ད་དུང་། སིལ་ཏོག་གི་ཕྱི་ངོས་སུ་ཡང་ནད་དུག་ཡོད་སྲིད་པས། ནུས་ཚོད་ཀྱིས་ཤུན་པ་བཤུས་པའམ་ཡང་ན་ཆུ་ཡིས་གཙང་མར་བཀྲུས་ཏེ་ཟོས་ན་བཟང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1