བདེ་སྐྱིད་ཉི་འོད་མཐོ་སྒང་འདི་ན་མཛེས། ། གསེར་གྱི་རྟ་མཆོག་བང་ཁ་མྱུར་ཞིང་བརྗིད། །

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01



གསེར་རྟའི་མཚན་ལྗོངས།

ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་2012ལོ་ནས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་རིང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཡོངས་ཀྱིས་བོད་འབྲེལ་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་བཅོས། འཕེལ་རྒྱས་མགྱོགས་སུ་གཏང་རྒྱུ་གཙོ་གནད་དུ་བཟུང་ཞིང"ཁྲག་འདྲེན་རྣམ་པའི"་རོགས་སྐྱོར་དང་"ཁྲག་སྐྲུན་རྣམ་པའི"་རོགས་སྐྱོར་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་ཕྱུག་འགྱུར་གྱི་རོགས་སྐྱོར་དམིགས་ཚད་མངོན་འགྱུར་བྱུང་། མ་དངུལ་དོན་འཁྱོལ་གྱི་འཆར་འགོད་གནས་ཚུལ་ཡག་པོ་ཡོད་པ་དང་རོགས་སྐྱོར་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་བཏང་བས། གསེར་རྟ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ལྡན།


ཡངས་འགོ་ཡུལ་ཤོག་གི་སྣང་ཞིང་།   

ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་བརྩེ་བ་ཟབ་མོས་རོགས་སྐྱོར་བྱས་པའི་རེས་སྐོར་གཉིས་དང་ལོ་ལྔའི་རོགས་སྐྱོར་འཆར་འགོད་ཀྱི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཁྱོན་གཙོ་གནད་རོགས་སྐྱོར་རྣམ་གྲངས་17ལེགས་གྲུབ་བྱུང་བའི་ནང་རེས་སྐོར་དང་པོའི་འཆར་འགོད་5ལེགས་གྲུབ་བྱུང་བ། རེས་སྐོར་གཉིས་པའི་འཆར་འགོད་12ལེགས་གྲུབ་བྱུང་། ཐོན་ལས་ཀྱི་རོགས་སྐྱོར་ནུས་པ་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་ཐུབ་པ་དང་དམངས་འཚོའི་རོགས་སྐྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། རིག་སྟོབས་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་ཟབ་ཞུགས་བྱས་པ་སོགས་གཙོ་གནད་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་སྤེལ། གཞན་ཡང་། ཝུན་ཅང་ཆུས་ཀྱིས་ད་དུང་རྒྱུན་རྣམ་ཅན་གྱི་འཛད་སྤྱོད་རོགས་སྐྱོར་ནུས་པ་ཤུགས་ཆེར་བཏང་ནས་གསེར་རྟ་རྫོང་དུ་གྲོང་གསེབ་དར་རྒྱས་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱས་པ་བརྒྱུད། ཝུན་ཅང་དང་གསེར་རྟ་ས་གནས་གཉིས་ཀྱི་མི་ཤུགས་ཐོན་ཁུངས་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ། མཉམ་ལས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་བ་དང་། ཐུན་མོང་ལག་གདངས་གཅིག་ཏུ་སྦྲེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བར་མ་ཟད། ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་པ་ཞིག་བརྩམས།


བོད་གྲོང་གསར་བ།

2022ལོ་ནས་བཟུང་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རེས་སྐོར་གསུམ་པའི་ལོ་ལྔའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་དེས། གསེར་རྟ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྔར་བས་སྐུལ་འདེད་གཏོང་རོགས་ཐུབ་ངེས་ཡིན་པ་དང་། མཐུན་སྒྲིལ་ཡར་ཐོན་དང་བདེ་སྐྱིད་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གསེར་རྟ་གསར་པ་འཛུགས་སྐྲུན་བྱ་ཆེད། དེ་བས་ནུས་ལྡན་གྱི་ཁ་གཏད་རོགས་སྐྱོར་གྱི་འདེགས་སྐྱོར་མཁོ་འདོན་བྱ་ཐུབ། བགྲོད་ལམ་གསར་པར་འབད་འཐབ་བྱེད། དུས་རབས་གསར་པར་བྱས་རྗེས་འཇོག །ཅེས་ཝུན་ཅང་ཆུས་ཀྱི་བོད་སྐྱོར་བྱ་གཞག་འཕེལ་རྒྱས་གཏོང་བར་སྔར་ལས་ལྷག་པར་སྤྲོ་སེམས་རབ་ཏུ་འཕེལ་བ་དང་སྔར་ལས་ལྷག་པར་དཔའ་ངར་ཆེར་བསྐྱེད་ཀྱི་འཐབ་སེམས་ལྡན་པ། སྔར་ལས་ལྷག་པའི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་དགའ་སྤྲོའི་ངང་བསུ་མ་ཞུ།   


ཁམས་བདེ་སྤྱི་ཁུལ་གྱི་ནང་གི་བཀོད་པ།


སི་ཁྲོན་གྱི་བརླན་ས་མཛེས་ཤོས་བཅུའི་ནང་གསེས་ཏེ་གསེར་རྟའི་སྙིའི་ན་གཞུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1