འཛམ་གླིང་ཐོག་ཆེས་རིང་བའི་བྱེ་ཐང་གཞུང་ལམ་སྟེ། ཐ་ལི་མུ་བྱེ་ཐང་གཞུང་ལམ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01



ཐ་ལི་མུ་བྱེ་ཐང་(塔里木沙漠)གཞུང་ལམ་ནི་འཛམ་གླིང་སྟེང་གི་རྒྱུན་འཁོར་བྱེ་ཐང་དུ་བསྐྲུན་པའི་ཆེས་རིང་པའི་གཞུང་ལམ་ཡིན་ལ། གཞུང་ལམ་འདི་ལ་ལམ་ཐིག་བཞི་ཡོད་དེ། ལུང་ཐའེ་རྫོང་(轮台县)ནས་རྨིན་ཧྥིན་རྫོང་(民丰县)དང་ཨ་ལར་གྲོང་ཁྱེར་(阿拉尔市)ནས་ཧོ་ཐེན་གྲོང་ཁྱེར(和田市)། ཨ་ལར་གྲོང་ཁྱེར་(阿拉尔市)ནས་ཆའེ་མའོ་རྫོང་ཐ་ཀྲུང་གྲོང་རྡལ་(且末县塔中镇)དང་ཝའེ་ལིས་རྫོང་(尉犁县)ནས་ཆའེ་མའོ་རྫོང་(且末县)བཅས་ཡིན་་ལ། ཁྱོན་རིང་ཚད་སྤྱི་ལེ་522ཡོད་པའི་བྱེ་ཐང་གཞུང་ལམ་དེའི་ལྷོ་བྱང་ཐ་ཁེ་ལཱ་མཱ་ཀན་(塔克拉玛干)བྱེ་ཐང་ཆེན་མོ་བརྒྱུད་པ་དང་བྱང་ཕྱོགས་སྣུམ་ཞིང་གཞུང་ལམ་དང་དེ་བཞིན་རྒྱལ་ལམ་314དང་སྦྲེལ་མཐུད་བྱས་ཡོད། ལྷོ་ཕྱོགས་རྒྱལ་ལམ་315དང་སྦྲེལ་མཐུད་བྱས་ཡོད་པ་དང་དེའི་ཁྲོད་བྱེ་ཐང་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་446ཡོད། 1995ལོའི་ཟླ་10པའི་ཚེས་4ཉིན་ཐ་ལི་མུ་བྱེ་ཐང་(塔里木沙漠)གི་གཞུང་ལམ་ཧྲིལ་པོར་དངོས་སུ་རླངས་འཁོར་ཤར་གཏོང་བྱས།

འཛམ་གླིང་བྱེ་ཐང་ཁྲོད་དུ། ཤིན་ཅང་ཐ་ལི་མུའུ་གཤོངས་སའི་ཐ་ཁེ་ལཱ་མཱ་ཀན་བྱེ་ཐང་(塔里木盆地塔克拉玛干沙漠) ནི་ཆེས་ལྐོག་གྱུར་དང་ཆེས་བསླུ་བྲིད་ཡིད་འགུག་གི་ནུས་པ་ལྡན་པའི་བྱེ་ཐང་གི་གྲས་ཤིག་ཡིན་ལ། ཀྲུང་གོའི་བྱེ་ཐང་ཆེ་ཤོས་དང་འཛམ་གླིང་གི་རྒྱུན་འཁོར་བྱེ་ཐང་ཆེ་ཤོས་གཉིས་པ་ཡིན།

བྱེ་ཐང་ཧྲིལ་པོ་ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ་1000ཙམ་ཡོད་པ་དང་བྱང་ནས་ལྷོ་བར་གྱི་ཞེང་ཚད་ལ་སྤྱི་ལེ་400ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་33000ཡོད།

ཐ་ཁེ་ལཱ་མཱ་ཀན་(塔克拉玛干)ཡུ་གུར་སྐད་ཀྱི་ནང་དོན་ནི“ནང་དུ་འཛུལ་བ་དང་ཕྱི་རུ་བསྐྱོད་པ”ཞེས་པ་དེ་ཡིན་ཞིང་། ལོ་ངོ་100ཡི་སྔོན་ལ་ནུབ་ཕྱོགས་ཀྱི་ཉེན་བརྟག་པ་སི་ཐཱན་གྱིས་དེར“འཆི་བའི་རྒྱ་མཚོ”ཞེས་མིང་བཏགས།

འདི་ལྟ་བུའི་ས་སྟོང་ལུང་སྟོང་འཇིགས་སུ་རུང་བའི་ས་ཆ་ཞིག་ནས་ཀྲུང་གོའི་མིས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་འཆི་བའི་རྒྱ་མཚོ་རུ་རིང་ཚད་ལ་སྤྱི་ལེ་436ཡོད་པའི་བྱེ་ཐང་གི་གཞུང་ལམ་ཞིག་བཏོད་པ་རེད།

གཞུང་ལམ་འདི་ནི་མིག་སྔར་འཛམ་གླིང་སྟེང་གི་རྒྱུན་འཁོར་བྱེ་ཐང་བརྒྱུད་པའི་གཞུང་ལམ་ཆེས་རིང་པོ་དེ་ཡིན།

གཞུང་ལམ་འདིར་རྒྱུག་བྱེས་བསླད་སྐྱོན་གཏོང་པ་དང་འགོག་འགེབས་བྱེད་པ་སྔོན་འགོག་བྱ་ཆེད། ཀྲུང་གོས་གཞུང་ལམ་གྱི་འགྲམ་གཉིས་སུ་སྔོ་ལྗང་ཁུལ་བཙུགས་ཡོད།

དེ་ནི་དྲོད་ཁུལ་གྱི་ཐན་པ་ཆེ་བའི་སྐམ་སའི་བྱེ་ཐང་ཞིག་ཡིན་ལ། དྲོད་ཚད་ཆེས་མཐོ་ཤོས་ཧྲེ་ཧྲི་ཏུའུ་67.2ཟིན་ཡོད་པ་དང་། ཉིན་དཀར་དང་མཚན་མོའི་དྲོད་ཚད་ཀྱི་ཧེ་བག་ཧྲེ་ཧྲི་ཏུའུ་40ལས་བརྒལ་ཡོད། ལོ་གཅིག་གི་ནང་གསུམ་ཆའི་གཅིག་གི་དུས་ཚོད་ནི་བྱེ་རླུང་ཁྲོད་བསྐྱལ་དགོས་པ་དང་རླུང་ཆེན་གྱི་མྱུར་ཚད་སྐར་ཆ་རེར་སྨི་300ཟིན། འདི་འདྲ་བའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་ནས་ནགས་བཟོ་དང་མྱུ་གུ་གསོ་བའི་ལས་ཀ་བྱེད་པར་དཀའ་ངལ་ཧ་ཅང་མང་བ་མ་ཟད་ཆ་རྐྱེན་ཡང་ཤིན་ཏུ་མཐོན་པོ་ཡིན། གཅིག་ནི་ས་འཛུགས་ཆ་རྐྱེན་ཞན་པ། བྱེ་མའི་སྤུས་ཚད་དང་ས་རྒྱུ། གཉིས་ནི་ས་འོག་གི་ཆུ་གནས་ཟབ་པ། གསུམ་ནི་རླུང་ཤུགས་ཆེ་ལ་བྱེ་མ་མང་པ། བཞི་ནི་རྩྭ་རྩི་ཤིང་ཉུང་པ་བཅས་སོ། །ཆ་སྙོམས་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་100ལས་མི་བརྒལ་བ་དང་ཆེས་ཉུང་པ་ཧའོ་སྨི་4-5ཡིན་པ་དང་། ཆ་སྙོམས་རླངས་འགྱུར་བྱེད་ཚད་ཧའོ་སྨི་25003400ཟིན་པས་སྔོ་ལྗང་ཅན་དུ་བསྒྱུར་པའི་ལས་ཀ་ཧ་ཅང་དཀའ་ངལ་ཆེ།

ཐ་ལི་མུའུ་བྱེ་ཐང་(塔里木沙漠)གཞུང་ལམ་འགོག་སྲུང་ནགས་ཚལ་གྱི་སྣོད་བཅུད་ལས་གྲྭའི་ལམ་ཐིག་ཧྲིལ་པོར་ཚྭ་ཆུ་ཐིགས་པས་ནགས་བཟོ་བྱས་ཡོད་པས་ལོ་རེའི་སྤྱིའི་ཆུ་ཟད་ཚད་སྨི་གྲུ་བཞི་མ་ལྷམ་པ་ཁྲི་550ཟིན་ཡོད།

གཞུང་ལམ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་དེས་འཛམ་གླིང་ལ་ལྟ་སྟངས་གསར་པ་འཛིན་དུ་བཅུག །མ་ཟད་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་གནས་དེར་ལྟ་སྐོར་དུ་ཡོང་། འོན་ཀྱང་ཡུལ་སྐོར་བ་ཚོས་ས་ཁུལ་དེར་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་ཐ་ན་མི་ལ་ལས་འཚོ་གནས་བྱེད་དཀའ་བའི་རྩི་ཤིང་ལ་རྡོག་བརྫིས་གཏོང་བཞིན་ཡོད། རྩི་ཤིང་ཁ་ཤས་བྱ་སྤྱོད་དེ་རིགས་ལས་གཡོལ་ཆེད། ལོ་མ་ས་ལ་དབྱུག་པའམ་ཡང་ན་རྩ་བ་ཐད་ཀར་ས་འོག་ཏུ་སྦས་བཞིན་ཡོད་པས་སྐྱེལ་འདྲེན་དང་ཐག་གཅོད་བྱེད་བདེ་པོ་མེད་ལ་ཁོར་ཡུག་སྲུང་སྐྱོང་ལའང་ཕན་ཐོགས་མེད། གལ་ཏེ་དུས་ལྟར་གཙང་སྦྲ་མ་བྱས་ན་གད་སྙིགས་འདི་དག་གིས་རྩི་ཤིང་གི་འཚོ་གནས་ལ་འཇིགས་སྐུལ་གཞན་ཞིག་ཐེབས་སྲིད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1