མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི“མཚོ་སྔོན་པོར”བརྟེན་ནས་འབྱུང་འཕྲོད་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམས་ཉིན་རེའི་ཚགས་པར། སྤེལ་དུས། 09-03



 


         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ས་ཆའི་ཐོན་ཁུངས་དང་ཉི་ནུས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གསར་པར་བརྟེན་ནས་གློག་གཏོང་བའི་རྣམ་གྲངས་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཆུ་རླུང་འོད་གསུམ་གསོག་འཇོག་གི་ཀ་རྟེན་ཐོན་ལས་ཚོགས་པ་ཞིག་རགས་ཙམ་ཆགས་ཡོད། ཚོད་རྩིས་བྱས་པ་ལྟར་ན། ཆབ་ཆ་རྫོང་དུ་གནས་པའི་མཚོ་ལྷོ་ཀྲོའུ་ཡི་སྐྱེ་ཁམས་འོད་ཤུགས་གླིང་དུ་ནུས་རྒྱུ་གསར་པར་བརྟེན་ནས་གློག་བཏང་སྟེ། དེ་གར་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1400ལྷག་ཙམ་གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་3900འབུད་རྒྱུ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། འདི་ནི་ལུང་ཡང་འགག་གི་ཟུར་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་ཡི་སྐྱེ་ཁམས་འོད་ཤུགས་གླིང་ཁུལ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1