ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་རིམས་འགོག་ཐད་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-03


        སྤྱི་ཟླ་9པའི་ཚེས་2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞོའ་ཧུའེ་ཡིས་ཁྲེང་ཏུའུ་རུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་གནང་བར་མ་ཟད། རིམས་འགོག་གི་འཐབ་ར་དང་པོའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་། ཧྲུང་ལིའུ་ཆུས་ན་ཡོད་པའི་ཁྲེང་ཏུའུ་ཞིང་ལས་ཐོན་རྫས་ལྟེ་གནས་སྡེབ་འཚོང་ཚོང་རར་ཝང་ཞོའ་ཧུའེ་ཡིས་ཚོང་ཟོག་ཐོན་ཁུངས་ཀྱི་རྩ་འཛུགས་དང་མཁོ་འདོན་ཕྱིར་འཚོང་། རིན་གོང་གི་འཕར་ཆག །དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། 

  

        མིག་སྔར་རང་རེའི་ཞིང་ཆེན་ནི་ཏོག་གསར་གློ་ཚད་དང་འཐབ་འཁྲུག་བྱེད་པའི་གནད་འགག་གི་དུས་སུ་འཁེལ་ཡོད་ཅིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པ་ནི་མིག་སྔའི་ལས་འགན་གལ་ཆེ་ཤོས་དེ་ཡིན། སྤྱི་ཟླ་9པའི་ཚེས་2ཉིན། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཁྲེང་ཏུའུ་རུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་བ་དང་། རིམས་འགོག་གི་འཐབ་ར་དང་པོའི་ལས་བྱེད་པ་དང་ལས་བཟོ་པ་ལ་འཚམས་འདྲི་ཞུས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གཏིབ་ཟབ་བྱས་ནས། སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཐོག་ལ་ནད་པ་མེད་པར་བཟོ་བའི་དམིགས་ཡུལ་མགྱོགས་མྱུར་མངོན་འགྱུར་ཡོང་བར་ཁ་གཏོད་པ། ནན་ཏན་སྒོས་རིམས་འགོག་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་སྲུང་སྐྱོང་ཡག་པོ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཁྲུག་འདི་ལས་རྒྱལ་ཐུབ་པ་བྱ་དགོས་ཞེས་བཏོན། །

        རྟོག་ཞིབ་ལྟ་སྐུལ་གྱི་གོ་རིམ་ཁྲོད། ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་སྨན་བཅོས་མི་སྣ། སྡོད་ཁུལ་གྱི་ལས་ཀ་བ།  སྤྱི་བདེ་ཉེན་རྟོག་པ། སྤྱི་པའི་འགྲིམ་འགྲུལ་ལས་བྱེད་པ། ཟ་མ་མངག་སྐྱེལ་མཁན། རང་འདུན་པ་སོགས་འཐབ་ར་དང་པོའི་མི་སྣར་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ལས་ཀར་རྒྱབ་སྐྱོར་དང་། བསམ་ཤེས་དང་བསྟུན་ཤེས་བྱེད་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་བཀའ་དྲིན་ཞུས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་། དཀའ་ཁག་མཉམ་སེལ་གྱིས་སྔ་མོ་ནས་རེབ་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ལེན་ཐུབ་པའི་རེ་བ་ཡོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1