ཝང་ཞའོ་ཧུའེ་ཡིས་ཞིང་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-04




    ཝང་ཞའོ་ཧུའེ་ཡིས་ཞིང་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྐབས་བསྟན་དོན།

      སྟོབས་ཤུགས་ཡོད་རྒུས་འགན་འཁྲི་དམ་འཛིན་གྱིས་མགྱོགས་མྱུར་ངང་མཐའ་བཞི་བསྐོར་ནས་རིམས་འགོག་ལ་རྒྱལ་ཁ་ལེན་པ་དང་།  ཆེས་ཐུང་བའི་དུས་ཡུན་ནང་དུ་ཆེས་ཆུང་བའི་རིན་དོད་ཀྱིས་སྤྱི་ཚོགས་སུ་ཏོག་གསར་ནད་པ་མེད་པའི་དམིགས་འབེན་མངོན་འགྱུར་བྱ་དགོས།

      ཧུང་ཆིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།


     ཟླ་8ཚེས་30ཉིན། ཞིང་ཨུའི་ཧྲུའུ་ཅི། ཞིང་ཨུའི་ཏོག་གསར་གློ་ཚད་ནད་རིམས་ལ་ཁ་གཏད་གཅོག་པའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝང་ཞའོ་ཧུའེ་ཡིས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་ལ་ཞིབ་དཔྱོད་དང་བརྡར་ཤ་བཅད་ཅིང་། མིག་སྔར་རིམས་འགོག་ཚོད་འཛིན་གྱི་ལས་དོན་ཇི་ལྟར་བསྒྲུབ་པའི་བཀོད་སྒྲིག་དང་འཆར་བཀོད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་ཚོད་འཛིན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ཤིང་། ནད་དུག་ཕྱི་ནས་ནང་དུ་མཆེད་པ་ནན་འགོག་དང་། ནང་ནས་བསྐྱར་དུ་མཆེད་པར་འགོག་པ་རྒྱུན་འཁྱོངས། ། འགུལ་རྣམ་གཙང་སེལ་ཡོང་བ་རྒྱུན་འཁྱོངས་བཅས་བྱ་དགོས་ཤིང་། སྟོབས་ཤུགས་ཡོད་རྒུ་དང་འགན་རང་འཁུར། གཞུང་སྒེར་མཉམ་འབྲེལ་གྱིས་མྱུར་བཅོས་མྱུར་འགོག་དང་། དུས་ཐུང་ངུའི་ནང་རིན་དོད་ཆུང་བས་སྤྱི་ཚོགས་ཀྱི་ཁྱོན་དུ་ཏོག་གསར་ནད་པ་གཅིག་ཀྱང་མེད་པའི་དམིགས་འབེན་མངོན་འགྱུར་བྱ་དགོས།


     ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཧུང་ཆིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།


     ཚོགས་འདུའི་ཐོག ། ཞིང་ཆེན་ཡོངས་ཀྱི་རིམས་འགོག་ཚོད་འཛིན་གྱི་ལས་དོན་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་རེབ་འདིའི་རིམས་ནད་བཀོད་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་གསན་ཞིང་། མིག་སྔའི་ནད་ཡམས་ཀྱི་གནས་སྟངས་ལ་དབྱེ་ཞིབ་དང་། དེ་སྔོན་གྱི་འབྲེལ་ཡོད་སྡེ་ཁག་གི་འབད་འབུངས་ལ་རྗེས་སུ་ཡི་རངས་དང་ཁས་ལེན་གནང་། ཚོགས་འདུར་བསྟན་དོན། དབྱར་མགོ་བཟུང་བ་ནས། རྒྱལ་ནང་གི་ནད་ཡམས་ས་གནས་མང་པོ་ནས་མཆེད་མགོ་བརྩམས་ཤིང་། ནད་ཀྱི་མཆེད་ཁུངས་མི་གཅིག་པ་ཡང་དུས་མཉམ་དུ་བྱུང་སྟེ། ནད་ཡམས་མགྱོགས་མྱུར་གྱིས་གང་སར་མཆེད་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཉེན་ཁ་དང་རྙོག་འཛིང་ཆེ། ཟླ་7ཟླ་དཀྱིལ་ནས་བཟུང་། རང་རེའི་ཞིང་ཆེན་ལ་ཐེངས་དུ་མར་རིམས་ནད་ཀྱི་གནོད་འཚེ་ཐེབས། ད་སྐབས་ཁྲེང་ཏུའུ་སོགས་ས་ཁུལ་མང་པོར་རིམས་ནད་རྒྱུན་མཐུད་ངང་ཁྱབ་བཞིན་འདུག །ཞིང་ཆེན་ཡོངས་དང་ལྷག་པར་ཁྲེང་ཏུའུ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་རིམས་འགོག་གི་བྱེད་ཐབས་ཁག་ལག་བསྟར་ནན་མོ་བྱ་དགོས་ཤིང་། དུས་ཚོད་དམ་འཛིན་དང་ཐེ་ཚོམ་མེད་པར། རང་འགུལ་ཅན་དང་ཚན་རིག་ཅན། གནད་འཁེལ་ཞིབ་ཕྲ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྣ་མང་ལག་བསྟར་ནན་མོ་བྱས་ཏེ་མཐའ་གཅིག་ཏུ་རེབ་འདིའི་རིམས་འགོག་ཚོད་འཛིན་གྱི་གཡུལ་འགྱེད་ལས་རྒྱལ་ཁ་ལེན་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1