ཝང་ཞའོ་ཧུའེ་ཡིས་ཧྲི་མན་རྫོང་དུ་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-07



  ཝང་ཞའོ་ཧུའེ་ཡིས་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་གནོད་སེལ་རྒུད་སྐྱོབ་ལས་ཀར་རྟོག་ཞིབ་མཛུབ་སྟོན་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་དེ་སྟོབས་ཤུགས་ཆེན་པོར་བསྒྱུར་ཞིང་། མགྱོགས་མྱུར་གྱིས་གནོད་སེལ་རྒུད་སྐྱོབ་བྱས་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་སླར་གསོ་བྱ་དགོས་ཞེས་ནན་གྱིས་བཏོན། 

  

     ཟླ་9པསི་ཚེས་6ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་མཇུག་བསྒྲིལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དགུ་པའི་ཚེས་ལྔ་ཉིན་གྱི་ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་འཚེ་ཚབས་ཆེ་བའི་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་གནང་བ་དང་། ཡུལ་དངོས་ནས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་དང་། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་དེ་སྟོབས་ཤུགས་ཆེན་པོར་བསྒྱུར་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། ཚེ་སྲོག་མྱུར་སྐྱོབ་འོས་འགན་ཨང་དང་པོ་བརྩི་བ། དུས་ཚོད་དམ་འཛིན་བྱས་ནས་གནོད་སེལ་རྒུད་སྐྱོབ་བྱེད་པ། གནོད་ཐེབས་མང་ཚོགས་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ།  མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་དང་གནད་དོན་སེལ་རོགས་བྱེད་པ། མགྱོགས་མྱུར་གྱིས་གནོད་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་གོ་རིམ་སླར་གསོ་བྱས་ནས་གནོད་སེལ་རྒུད་སྐྱོབ་ལས་རྣམ་པར་རྒྱལ་དགོས་ཞེས་ནན་གསུང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1