ལྷ་སའི་རྫོང་དང་ཆུས་དྲུག་ཏུ་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-08



ལྷ་སའི་རྫོང་དང་ཆུས་དྲུག་ཏུ་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱ་རྒྱུ།

      ཟླ་9ཚེས་4ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་དྲུག་གིས་སྤྱི་བསྒྲགས་གལ་ཆེན་སྤེལ་ཏེ། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་བཟུང་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། 

      རིམས་ནད་བྱུང་བ་ནས་བཟུང་། སྟག་རྩེ་ཆུས་དང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཀྱིས་ཆུས་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གི་ཇུས་གཞི་བཀོད་སྒྲིག་དང་བྱ་བའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་ནན་མོ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་དང་། “ཕྱི་ནས་ནང་མཆེད་འགོག་པ་དང་ནང་གི་བསྐྱར་ལོག་འགོག་པའི་”སྤྱིའི་ཐབས་ཇུས་དང་“འགུལ་རྣམ་གཙང་སེལ་”གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྫོང་(ཆུས་)དྲུག་གི་སྤྱི་ཚོགས་ངོས་ཀྱི་འགོ་ལམ་གཞི་རྩའི་ཆ་ནས་གཙང་གཅོད་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 《ཏོག་གསར་གློ་ཚད་ནད་དུག་འགོག་ཟོན་ཇུས་གཞི་(པར་གཞི་དགུ་པ་)》ཡི་གཏན་འབེབས་དང་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་རྫོང་(ཆུས་)དྲུག་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་གཅོད་བྱས་པ་བརྒྱུད། ས་ཁུལ་དང་རིམ་པ་ལོག་འབྱེད་ཀྱིས་ཁྱད་པར་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་སྤྱི་ལོ་2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་བཟུང་བོད་ལྗོངས་སྟག་རྩེ་ཆུས་དང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་ཉེན་ཁ་ཆུང་བའི་གྲོང་ཚོའི་(སྡེ་ཁུལ་)རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱ་རྒྱུ་ཡིན་པ་སྟེ། 



1.2022ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་0ནས་བཟུང་རྫོང་(ཆུས)དྲུག་གི་ཉེན་ཁ་ཆུང་བའི་གྲོང་ཚོ་(སྡེ་ཁུལ་)ཡོད་ཚད་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ། 


2.རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་རྗེས་རྫོང་(ཆུས་)དྲུག་གིས་《ཏོག་གསར་གློ་ཚད་ནད་དུག་འགོག་ཟོན་ཇུས་གཞི་(པར་གཞི་དགུ་པ་)》ཡི་དོ་དམ་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་མུ་མཐུད་ལག་བསྟར་ནན་པོ་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་ནད་པ་གཙང་སེལ་ལས་དོན་མུ་མཐུད་ཡག་པོ་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་སླར་གསོ་བྱས་ཀྱང་རིམས་འགོག་ལྷོད་གཡེང་མི་ཡོང་བ་བྱ་རྒྱུ། 


3.རྫོང་(ཆུས་)དྲུག་གིས་“ཕྱིར་སྐྱོད་ནང་འཛུལ་གཉིས་སྡོམ་”གྱི་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། དོ་དམ་ཚོད་འཛིན་གྱི་བྱ་ཐབས་ལ་འགྱུར་ལྡོག་མི་ཡོང་བ་བྱ་རྒྱུ། ཉེན་ཁ་ཆུང་བའི་ས་ཁོངས་ཀྱིས་དགོས་མཁོར་གཞིགས་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་འཚང་གཡོལ་ཕྱིར་སྐྱོད་(འགྲིམ་འགྲུལ་ཡོ་བྱད་སྤྱོད་ཆོག་)བྱས་ཆོག ཁོངས་གཏོགས་ཤང་(གྲོང་རྡལ་)དང་། གཙོ་གཉེར་སྡེ་ཚན། དྲ་མིག་ཅན་གྱི་དོ་དམ་པ་སོགས་ཀྱིས་སྐོར་གཡེང་ལས་རེས་ཡག་པོ་བྱས་ནས་“གཅིག་བཤེར་སུམ་ལྟ་”(རྩ་གཉིས་བཤེར་བ་དང་། ལུས་དྲོད་ལ་ལྟ་བ། བདེ་ཐང་ཨང་རྟགས་ལ་ལྟ་བ། ཉིང་དཔྱད་སྲིབ་གཤིས་དཔང་རྟགས་ལ་ལྟ་བ།)དོན་འཁྱོལ་ནན་པོ་བྱེད་པ་དང་། དགོས་ངེས་མིན་ཚེ་ཕྱི་ལ་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ། ཁྱིམ་སྐོར་ལ་མི་འགྲོ་བ། ཤང་གི་(གྲོང་རྡལ་)ཕྱི་ལ་མི་སྐྱོད་པ། གྲོང་ཚོར་འགྲོ་འདུག་མི་བྱེད་པ་བཅས་ཡོང་ཐབས་ལ་དྲན་སྐུལ་ཧུར་ཐག་བྱ་རྒྱུ། 


4.ཆ་རྐྱེན་དང་མཐུན་པའི་ལས་འགོ་བསྐྱར་ཚུགས་དང་རྣམ་གྲངས་ཨར་སྐྲུན་ཚན་པར་“ཐོ་འགོད་དང་ཁས་ལེན་ཟུང་འབྲེལ་”ལམ་ལུགས་ལག་བསྟར་བྱས་ནས། “གནས་གཉིས་ཐིག་གཅིག་”གི་སྒོ་རྒྱག་དོ་དམ་ལག་བསྟར་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། རྣམ་གྲངས་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་བཅས་བཀོད་སྒྲིག་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ། 


5.ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་འབྲུ་སྣུམ་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། སྨན་བཅོས་ཁང་། སྨན་འཚོང་ཁང་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེར་སྐྱོང་བྱེད་ས་སྣ་ཚོགས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གོ་རིམ་ལྡན་པའི་ངང་སྒོ་འབྱེད་རྒྱུ། གཉེར་སྐྱོང་བྱེད་ས་ཁག་གིས་ངེས་པར་དུ་ཡུལ་དངོས་ཨང་གྲངས་བཤེར་བ་དང་། ཐོ་འགོད། དྲོད་ཚད་ཚད་ལེན། འགྲུལ་ཚད་ཚོད་འཛིན། དུས་བཅད་དུག་སེལ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཡག་པོ་སྤེལ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས་རྩད་ཆོད་མཐའ་གསལ་བྱུས་ན་ཁྲིམས་དང་སྒྲིག་སྲོལ་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུ། 


6.སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ས་དང་། སྤྱི་པའི་རོལ་རྩེད་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཟ་ཁང་སོགས་གཉེར་སྐྱོང་བྱེད་མཚམས་འཇོག་རྒྱུ། ཆོས་ལུགས་ཀྱི་གནས་ཡུལ་ཁག་ཚང་མར་“མཚམས་འཇོག་གསུམ་”ལ་བརྩི་སྲུང་ཞུ་རྒྱུ། གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱིས་བཀག་སྡོམ་དོ་དམ་བྱ་རྒྱུ།དོན་བཟང་འགྱངས་སྒྲུབ་དང་དོན་ངན་བསྡུས་སྒྲུབ། གསོལ་སྟོན་མི་སྒྲུབ་པ།”བཅས་ལག་བསྟར་ནན་པོ་བྱེད་པ་དང་གནས་སྐབས་རིམ་པ་ཁག་གི་གྲོས་ཚོགས་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག སློབ་གྲྭ་ཁག་གི་སློབ་ཁྲིད་བསྐྱར་མའི་དུས་ཚོད་དེ་སློབ་གསོའི་སྡེ་ཚན་གྱི་བརྡ་ཐོ་ཚད་གཞིར་འཛིན་དགོས། 


7.རྫོང་(ཆུས་)དྲུག་གི་ཤང་(གྲོང་རྡལ་)དང་རྫོང་(ཀྲུང་དབྱང་)གི་ཐད་གཏོགས་སྡེ་ཚན་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་གཞུང་ལས་སྒྲུབ་ས་དང་སྡོད་གནས་བར་ཤར་སྐྱོད་ཁོ་ན་བྱེད་པ་དང་གཞུང་ལས་བྱ་ཡུལ་དུག་སེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞུང་ལས་བྱ་ཡུལ་གྱི་མི་སྣ་ཚང་མས་ངེས་པར་དུ་བདེ་ཐང་ཨང་རྟགས་བཤེར་བ་དང་ཁ་རས་རྒྱག་ཏུ་འཇུག་རྒྱུ། 


8.རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། བརྟག་དཔྱད་བྱེད་པའི་དུས་ཚོད་ཞིབ་ཕྲ་རྫོང་(ཆུས་)དྲུག་གི་ཏོག་གསར་གློག་ཚད་འགོག་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཉིང་སྐྱུར་བརྟག་དཔྱད་གྱི་བརྡ་ཐོ་ཚད་གཞིར་འཛིན་རྒྱུ། 


9.མི་མང་ས་དང་། བར་སྟོང་ཆུང་ས། གཅིག་བསྡུས་རང་བཞིན་གྱི་རིམས་ནད་ཐོན་སླ་བའི་ས་གནས། དེ་བཞིན་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། སྨན་བཅོས་སྒྲིག་གཞི་སོགས་སུ་སྐྱོད་སྐབས་རང་འགུལ་ངང་དྲོད་ཚད་འཇལ་བ་དང་ཁ་རས་རྒྱག་པ། ཨང་རྟགས་བཤེར་བ། སྨི་2ཀྱི་བར་ཐག་སྲུང་འཛིན་བྱེད་པ། འདུ་འཛོམས་མི་བྱེད་པ། འཚང་ཁ་མི་རྒྱག་པ་སོགས་ཀྱིས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱེད་དགོས། 


10.གལ་ཏེ་ཚ་བ་རྒྱག་པ་དང་སྐམ་ལུ་བྱེད་པ། ཐང་ཆད་པ། མིད་པ་ན་བ། སྣ་དབང་(ལྕེ་དབང་)ཉམས་པ་སོགས་ཏོག་གསར་གློ་ཚད་ཕོག་དོགས་ཅན་གྱི་ནད་རྟགས་བྱུང་ན། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་དུས་ཐོག་ཏུ་ཉེ་འཁོར་གྱི་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་ནས་གྲལ་བཤེར་བྱེད་པ་དང་འབྲེལ་སྨན་པར་མི་སྒེར་གྱི་གནས་སྡོད་དང་འབྲེལ་གཏུག་གི་གནས་ཚུལ་ཇི་མ་ཇི་བཞིན་བཤད་དགོས། རིམས་འགོག་ལས་དོན་ལ་གཞོགས་འདེགས་མི་བྱེད་པ་དང་། རྐང་བཙུགས་ནས་སྙན་སེང་མི་ཞུ་བའམ་ཡང་ན་གནས་སྡོད་དང་འབྲེལ་གཏུག་གི་གནས་ཚུལ་མི་ཞུ་བ་དང་སྦ་གསང་བྱས་པ། རྐང་བཙུགས་ནས་ཞིབ་བཤེར་མི་སྣར་སྦ་སྐུང་བྱས་པ་བཅས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་འབྲེལ། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ཀྱང་གཏོང་རྒྱུ། 

     དམ་རྒྱ་གློད་ན་རིམས་འགོག་མཚམས་བཞག་པ་མིན་པས་ལྷོད་གཡེང་དུ་གཏོང་མི་རུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་ཆགས་ལྷོད་མེད་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་འགོག་སྲིད་ཇུས་རང་རྟོགས་ངང་བརྩི་སྲུང་ཞུས་ནས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྔོན་འགོག་ཚོད་འཛིན་གྱི་འོས་འགན་ནན་ཏན་ངང་བསྒྲུབས་ནས་རིམས་འགོག་གི་གྲུབ་འབྲས་རྩ་ཆེ་བ་འདི་ཐུན་མོང་ཐོག་བརྟན་དུ་གཏོང་རོགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1