ཞི་ཅིན་ཕིང་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


        སྤྱི་ཟླ་3པའི་ཚེས་28ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་ཧའེ་ནན་ཞིང་ཆེན་པོ་ཨའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་བྱ་གཙོ་བོའི་གསུང་བཤད་ཀྱང་གནང་ནས་ཨེ་ཤ་ཡས་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤ་ཡའི་འབྱུང་འགྱུར་གསར་པ་གཏོད་པར་ངེས་པར་དུ་འཛམ་གླིང་མདུན་སྐྱོད་ཀྱི་གོམ་སྟབས་ཁྲོད་མདུན་སྐྱོད་བྱ་དགོས་པ་དང་འཛམ་གླིང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་བསྟུན་ནས་འཕེལ་རྒྱས་གཏང་དགོས། ང་ཚོས་ཨེ་ཤ་ཡའི་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་བརྒྱུད་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།

         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་འཆད་སྟེགས་ཐོག་ཕེབས་ནས་《ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤ་ཡའི་འབྱུང་འགྱུར་གསར་པ་གཏོད་པ།》ཞེས་པའི་ཁ་བྱང་ཐོག་གསུང་བཤད་གནང་བ་རེད།

         ཞི་ཅིན་ཕིང་གིས་སྐབས་འདིའི་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དེས་ཨེ་ཤ་ཡའི་འབྱུང་འགྱུར་གསར་པ་དང་། ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་ཞེས་པ་དེ་བརྗོད་བྱ་གཙོ་བོ་བྱས་པ་ནི་དུས་དང་མཐུན་པ་ཞིག་ཡིན་ལ་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཡང་ཆེན་པོ་ལྡན་ཡོད། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བ། ཝན་ལུང་ཚོགས་འདུ་འཚོགས་ནས་ལོ་60འཁོར་བ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་བཙུགས་པའི་ལོ་བཅས་ཡིན་པས། ལོ་འདི་ནི་མི་རྣམས་ཀྱིས་དྲན་གསོ་བྱ་འོས་པའི་གལ་ཆེའི་ལོ་ཞིག་རེད་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཕྱིན་ཆད་གང་འབྱུང་གདེང་ཚོད་ཡོད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1