ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-11



ཞི་ཅིན་ཕིང་གིས་བཀའ་ཡིག་གནང་བ་དང་གོ་རྟགས་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས་གནང་བ། 

 


        ཟླ་9ཚེས་8ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། འདི་ནི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་བྱང་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝང་ཆང་ལ་བཀའ་ཡིག་གནང་བཞིན་པ། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།

        སྔ་དྲོའི་ཆུ་ཚོད་11ཙམ་ལ། གོ་རྟགས་སྤོར་བའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

        ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་བྱང་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝང་ཆང་ལ་བཀའ་ཡིག་གནང་ནས་རྟེན་འབྲེལ་ཞུས་གནང་བ་དང་། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་ཝང་ཆང་གིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཚང་མར་གུས་འདུད་ཞུ་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

        གོ་རྟགས་སྤོར་བའི་མཛད་སྒོ་སྐད་གསང་མཐོ་བའི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།

        ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཞུགས་ཡོད་པ་དང་། དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1