༄༅།། དུག་སེལ་བྱེད་སྐབས་ཚང་མས་དོ་སྣང་བྱེད་དགོས་པ་འགའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 09-14



ཁྱིམ་དུ་བསྡད་ནས་དུག་སེལ་བྱེད་སྐབས་ཚང་མས་གཤམ་གསལ་གྱི་ནོར་འཁྲུལ་འདི་དག་མ་ཤོར་བ་བྱེད་དགོས།



1དུག་སེལ་བྱེད་སྐབས་དགོས་ངེས་ཀྱི་འགོག་སྲུང་མི་བྱེད་པ།


    སྤྱིར་ན་དུག་སེལ་གཤེར་ཁུ་ངར་ལ་ཤུགས་ཆེ་བས། དབུགས་ལམ་དང་པགས་པར་གནོད་པ་བཟོ་སྲིད། དེས་ན་དུག་སེལ་བྱེད་པའི་བརྒྱུད་རིམ་ནང་ཁ་རས་དང་ལག་ཤུབས་གྱོན་ནས་གཤེར་གཟུགས་ཁ་སྣར་མི་འཛུལ་བ་དང་པགས་པར་མི་འཐོར་བ་བྱེད་དགོས།


2ཁང་བའི་ནང་དུ་ཅིའུ་ཅིང་གཏོར་ནས་དུག་སེལ་བྱེད་པ།


ཁང་བའི་ནང་ཅིའུ་ཅིང་གིས་དུག་སེལ་བྱེད་སྐབས་ཅིའུ་ཅིང་གཏོར་རྒྱུ་མེད། གློག་ཆས་ཀྱི་ཕྱི་ངོས་ལ་དུག་སེལ་བྱེད་སྐབས་སྔོན་ལ་གློག་འགོག་པ་དང་། གློག་ཆས་གྲང་མོ་ཆགས་རྗེས་གཞི་ནས་དུག་སེལ་བྱེད་དགོས། དེ་ལས་ལྡོག་ཚེ་གློག་ཆས་འཚིག་ཉེན་ཆེ།


3དུག་སེལ་གཤེར་ཁུས་ཆུའི་ཚབ་བྱེད་པ།


    དུག་སེལ་གཤེར་ཁུའི་ནང་ནད་འབུ་གསོད་པའི་གྲུབ་ཆ(ཁྲུན་རིགས་གཙོ་བོར་བྱས་པ)འདུས་པས། དུག་སེལ་གྱི་ནུས་པ་ངེས་ཅན་ལྡན་ཡོད། འོན་ཀྱང་དུག་སེལ་གྱི་གྲུབ་ཆར་ཤུགས་ངེས་ཅན་ལྡན་པས། པགས་པར་མི་འཕྲོད་པ་ཡོང་སྲིད། དེར་བརྟེན་གལ་ཏེ་ཆ་རྐྱེན་ཡོད་ཚེ་གང་ཐུབ་ཅི་ཐུབ་ཀྱིས་ཆུར་འདག་རྫས་དང་ལག་བཀྲུ་གཤེར་ཁུ་བརྒྱབ་ནས་ལག་པའི་མཛུབ་རྩེ་དང་། ལག་མཐིལ། མཁྲིག་མ་བཅས་གཙང་མར་ཁྲུས་དགོས།


4དངོས་རྫས་དུག་སེལ་བྱས་རྗེས་གཙང་མ་མི་བཀྲུ་བ།


   དུག་སེལ་སྨན་རྫས་ཀྱིས་ཅ་དངོས་ལ་ཟད་སྐྱོན་བཏང་བ་དང་ལྷག་པར་དུ་ལྕགས་རིགས་དེ་བས་ཟད་སླ་བ་ཡོད་པས་མིའི་གཟུགས་པོར་གནོད་པ་ཡོད། དུག་སེལ་སྨན་རྫས་སྤྱད་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཆུ་གཙང་མས་དངོས་པོའི་ཕྱི་ནང་གཉིས་ཀ་ཕྱིས་དགོས།


5དུས་བཀག་ལྟར་བཟའ་བཅའི་སྣོད་ཆས་ལ་དུག་སེལ་བྱེད་དགོས།

    ལྷག་པར་དུ་ཁྱིམ་དུ་མགྲོན་པོ་སླེབས་རྗེས་དུག་སེལ་བྱེད་དགོས་པའི་བཟའ་བཅའི་སྣོད་ཆས་དག་ཆེད་སྤྱོད་ཀྱི་སྣོད་ཆས་ནང་སྐར་མ་15ཡན་བཙོ་དགོས།


6དུག་སེལ་སྨན་ཆུ་འཇོག་སྟངས་ལུགས་དང་མ་མཐུན་པ།

    རྫས་འགྱུར་དུག་སེལ་སྨན་ཆུ་མང་ཆེ་བ་འབར་སླ་བ་དང་། གས་སླ་བ། ཟད་སླ་བ་བཅས་ཀྱི་དངོས་རྫས་ཀྱི་ཁོངས་སུ་གཏོགས་པས་ཉར་ཚགས་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་བདེ་འཇགས་ལ་དོ་སྣང་བྱེད་དགོས། དུག་སེལ་སྨན་ཆུ་ཐེངས་རེར་མང་བོ་ཉོ་རྒྱུ་མེད། དུག་སེལ་སྨན་ཆུ་བླུག་སྣོད་ཀྱི་ཁ་གཅོད་ངེས་པར་དུ་དམ་པོར་རྒྱག་དགོས། ཤེལ་དམ་རེའི་ནང་ཧའོ་ཧྲེང་500ལས་བརྒལ་མི་རུང་། འོད་དང་ཚ་དྲོད་ཆེ་སར་མི་འཇོག་པར་བསིལ་སར་བཞག་སྟེ་བྱིས་པས་རེག་མི་ཐུབ་པའི་འགན་ལེན་བྱེད་དགོས། དུག་སེལ་ཐད་སྤྱོད་པའི་ཕྱིས་རས་སམ་ཡང་ན་ཅ་དངོས་གཞན་དག་བེད་སྤྱོད་བྱས་རྗེས་ཆུ་གཙང་མས་བཀྲུས་ནས་རླུང་འགྲོ་སར་བཞག་སྟེ་སྐམ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1