ཞིང་ལས་དུས་ཚོད་དམ་འཛིན་གྱིས་བརྔ་བསྡུར་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-16



 

        ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་རིམས་ནད་ཀྱི་ཤུགས་རྐྱེན་དང་དེ་བཞིན་ཆར་པ་བབས་མང་བའི་གནམ་གཤིས་ཁྱད་བསད་བྱས་ཏེ་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་བརྔ་བསྡུ་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ནས་ཞིང་ལས་དུས་ཚོད་དམ་འཛིན་གྱིས་སྟོན་བསྡུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གཉིས་ཀ་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་5ཉིན་རྫོང་ཡོངས་ཀྱིས་འབྲུ་རིགས་མུའུ་ཁྲི་9ལྷག་ཙམ་བསྡུས་ཤིང་། འདི་ནི་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་བརྔ་བསྡུ་ལས་དོན་རུ་ཁག་གིས་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོའི་གཡུ་གྲོང་ཚོགས་ཆུང་དུ་གྲོ་བརྔ་བསྡུ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1