ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-17


 

འདི་ནི་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་སར་མར་ཧན་གྱི་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཕྱོགས་གཉིས་ཀྱི་མཇལ་འཛོམས་གནང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ། 


        ཤིན་ཧྭ་གསར་འགྱུར་ཁང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་སར་མར་ཧན་གྱི་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཕྱོགས་གཉིས་ཀྱི་མཇལ་འཛོམས་གནང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།


        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཚོང་དོན་དང་། ཞིང་ལས། ཕན་ཚུན་སྦྲེལ་མཐུད་ཀྱི་ཁྱབ་ཁོངས་སུ་དོན་གཉེར་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུ། འབོ་གསེར་རྒྱལ་ཁབ་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་དབར་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དོན་གཉེར་མཉམ་ལས་ཇེ་རྒྱ་ཆེ་རུ་གཏོང་བ། ས་ཁུལ་འདི་གའི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

        ཕུའུ་ཅིང་གིས་གསུངས་དོན། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད། འགྱུར་ལྡོག་མེད་པ་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་དེ་རེད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་འཛིན་ནས་རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་བཏོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས་རྒྱལ་ཁབ་རེ་ཟུང་གིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བསྙད་བརྐོ་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ལ་རྒོལ་གཏམ་གཏོང་གི་ཡོད།

        ཞི་ཅིན་ཕིང་གིས་ཨུ་རུ་སུས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གང་རུང་ཞིག་ལའང་ཐའེ་དབན་གྱི་གནད་དོན་གྱི་ཤན་འབྱེད་དཔོན་བྱེད་དབང་མེད་ཅེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1