ཁྲེང་ཏུའུ་ཡི་ཐོན་སྐྱེད་འཚོ་བ་སླར་གསོ་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18



        སྤྱི་ཟླ་9པའི་ཚེས་18ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་བརྡ་ཐོ་སྤེལ་གསལ།

        གྲོང་ཁྱེར་ཡོངས་ཀྱིས་མཉམ་དུ་འབད་འབུངས་བྱས་པར་བརྒྱུད། རིམས་ནད་སྔོན་འགོག་ནུས་ལྡན་ཐུབ་ཡོད་ལ། སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་བརྟན་བརླིང་ངང་བཟང་ཕྱོགས་སུ་འགྲོ་བཞིན་ཡོད། རིམས་ནད་སྔོན་འགོག་གི་རྙེད་དཀའ་བའི་གྲུབ་འབྲས་འདི་བརྟན་པོ་ཡོང་བ་དང་། ལས་ཆོད་མཐོ་བའི་རིམས་ནད་སྔོན་འགོག་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་སྤྱི་ལོ་2022ལོའི་ཟླ་9པའི་ཚེས་19ཉིན་གྱི་ཆུ་ཚོད་0ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་གཏན་འཁེལ་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1