ནོར་གནག་མཐོ་སྒང་གི་ཁོར་ཡུག་དང་འཚམ་པའི་གསང་བ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-19



     ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་སོགས་ལས་ཁུངས་ཀྱི་ཞིབ་འཇུག་ཚོགས་པས་ནོར་གནག་གི་གཞི་རྒྱུའི་གྲུབ་ཆར་དབྱེ་ཞིབ་བྱས་པ་བརྒྱུད་ནོར་གནག་ལ་དམིགས་བསལ་དུ་ཡོད་པའི་གློ་བའི་ནང་ལྤགས་ཕྲ་ཕུང་གི་རིགས་ཚོགས་ཤིག་ཤེས་རྟོགས་བྱུང་ཞིང་། དེས་ནོར་གནག་ལ་གསོ་རླུང་མི་འདང་བའི་ཁོར་ཡུག་འཕྲོད་པའི་འགག་རྩའི་ནུས་པ་ཐོན་བཟོ་ཡོད།  འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་དབང་གྲགས་དུས་དེབ《རང་བྱུང·གསར་འགྱུར》ཐོག་སྤེལ་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་སློབ་ཆེན་སོགས་ཞིབ་འཇུག་ལས་ཁུངས་དང་མཉམ་ལས་བྱས་ཏེ། རབས་གཉིས་པ་དང་རབས་གསུམ་པའི་རིམ་འཇལ་ལག་རྩལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲོང་དང་ཡག་གི་སྤུས་ཚད་མཐོ་བའི་ཚོས་སྒྱུར་གཟུགས་ཆུ་ཚད་ཀྱི་དཔྱད་གཞིའི་གཞི་རྒྱུའི་ཚོགས་པ་བཙུགས་པ་དང་། དེ་རྗེས་སྤྱིར་བཏང་གི་བ་གླང་གི་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་གྲུབ་ཆའི་འགྱུར་ལྡོག་དེ་ནོར་གནག་གི་གཞི་རྒྱུའི་ཚོགས་པའི་ཁྱབ་ཚུལ་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་ཡོད།

     ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། ནོར་གནག་དང་བ་གླང་གི་གློ་བའི་ནང་གི་ནང་ལྤགས་ཕྲ་ཕུང་ཚོགས་ཀྱིས་གྲུབ་ཚུལ་འགྱུར་ལྡོག་མཚོན་པའི་ཁྱད་པར་གཞི་རྒྱུ་དེ་མང་ཤོས་ཡིན་ཞིང་། ནོར་གནག་དང་སྤྱིར་བཏང་གི་ནོར་གནག་གི་གཞི་རྒྱུའི་ཚོགས་པ་བརྒྱུད། ཞིབ་འཇུག་མི་སྣས་དེ་གཉིས་བར་ལ་ཁྱད་པར་ཡོད་པའི་གཞི་རྒྱུའི་དུམ་ཚན་ཤེས་རྟོགས་ཐུབ་ཡོད། ཁྱད་པར་དེ་དག་ནི་རྒྱུད་རྒྱུ་ལ་འགྱུར་ལྡོག་བྱུང་བའི་ཁ་ཕྱོགས་བསྟན་པས། སྲོག་ཆགས་ཁོར་ཡུག་ལ་སྔར་ལས་གོམས་པར་རོགས་རམ་བྱེད་ཐུབ།

     ནོར་གནག་གི་གློ་བའི་ཕྲ་ཕུང་རྐྱང་པའི་ནང་གི་རྒྱུད་རྒྱུ་མཚོན་པའི་ཆུ་ཚད་ལ་ཞིབ་འཇུག་བྱེད་སྐབས། ཞིབ་འཇུག་མི་སྣས་གློ་བུར་དུ་ཁྲག་རྩའི་ནང་སྐྱི་ཁྲོད་ཀྱི་ཕྲ་ཕུང་གི་རིགས་ཚོགས་གསར་རྐྱང་ཞིག་རྙེད་ཅིང་། ནོར་གནག་གི་གློ་བར་ཁྱབ་པའི་ཕྲ་ཕུང་དེས་ནོར་གནག་གི་ཁྲག་རྩ་ལ་སྔར་ལས་མཉེན་གཤིས་ལྡན་པར་འགྱུར་སྲིད། དེ་དང་མཉམ་དུ་ནོར་གནག་གི་གློ་བའི་ཕུང་གྲུབ་ནང་དུ་ལྡེམ་ཤུགས་ཅན་གྱི་ཚི་སྣ་ཅུང་མང་བ་ཡོད་པས། དེས་གློ་བའི་སྐུམ་འཐེན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ནོར་གནག་གྲང་ཞིང་དབྱང་རླུང་ཉུང་བའི་མཐོ་སྒང་གི་ཁོར་ཡུག་ལ་འཕྲོད་པར་ཕན་ཐོགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1