ཁེ་ན་ཏའི་འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱུག་ལམ་གྱི་ཕྱི་ལ་ཤོར་ཏེ་མི་25རྨས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


            སྤྱི་ཟླ་3པའི་ཚེས་30ཉིན། ཁེ་ན་ཏའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་འཕུར་ཞིག་ཁེ་ན་ཏའི་ཤར་རྒྱུད་གྲོང་ཁྱེར་ཧྭ་ལིས་ཧྥ་ཁུ་སི་གནམ་གྲུ་ཐང་ནས་སར་འབབ་པའི་སྐབས་རྒྱུག་ལམ་གྱི་ཕྱི་ལ་ཤོར་ནས་མི་25ལ་རྨས་སྐྱོན་ཕོག གསལ་བཤད་བྱས་པ་ལྟར་ན། གནམ་གྲུ་དེ་སར་འབབ་པའི་སྐབས་སུ་ཁ་བ་བུ་ཡུག་གི་གནམ་གཤིས་ལ་འཕྲད་པས། དུས་ཚོད་1རིང་ལ་ལྡིང་སྐོར་བྱས་རྗེས་འཕུར་སྐྱོད་པས་བདེ་འཇགས་ཡིན་པ་གཏན་ཁེལ་བྱས་འོག་ད་གཟོད་སར་བབས་པ་རེད་ཟེར།


           ཁེ་ན་ཏའི་མཁའ་འགྲུལ་སྤྱི་གཉེར་ཁང་གིས། གནམ་གྲུ་སར་མ་བབས་གོང་འཕུར་སྐྱོད་པ་གཉིས་ཀྱིས་གནམ་ཐང་གི་མཁའ་དབྱིངས་ནས་ལྡིང་སྐོར་ཆུ་ཚོད་1རིང་བྱས། མཐར་བདེ་འཇགས་ཡིན་པ་གཏན་ཁེལ་བྱས་ཐོག་ཐང་ལ་བབས་པ་རེད། ཁེ་ན་ཏའི་མཁའ་འགྲུལ་སྤྱི་གཉེར་ཁང་ནས་སྐབས་དེར་ཧ་ལིས་ཧྥ་ཁུ་སིར་ཁ་བ་བུ་ཡུག་འཚུབ་ཀྱིན་ཡོད་ནའང་། འཕུར་སྐྱོད་ནི་བདེ་འཇགས་ཡིན་ཞེས་བསྟན། སྐབས་དེར་རླུང་གི་འགྲོས་ཚད་ནི་ཧ་ལམ་དུས་ཚོད་རེར་སྤྱི་ལེ་55ཡིན་པ་དང་། གནམ་གྲུ་སར་འབབ་རུང་བའི་ཚད་ཐིག་ཤིན་ཏུ་དམའ་བས་རེད་ཅེས་འགྲེལ་བརྗོད་གནང་། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1